འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ཐེ་ལྦན་དུ་འཚམས་འདྲི།

ཐེ་ལྦན་གྱི་འཕྲོད་བསྟེན་བློན་ཆེན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་རྣམ་གཉིས་མཇལ་འཕྲད་གནང་ཡོད་འདུག
2012-04-13
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལགས་ཀྱིས་ ཐེ་ལྦན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་ཁུངས་གྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་མོལ་གནང་ཡོད་པ་དང་ བཀའ་བློན་ཚེ་རིང་དབང་ཕྱུག་ལགས་སྔ་དྲོ་ཐེ་པེ་གྲོང་ཁྱེར་སྨན་ཁང་དུ་གཟིགས་སྐོར་དང་སྨན་ལས་དོ་དམ་འགན་འཛིན་སྐུ་ཞབས་ཞུའུ་སོགས་དང་མཇལ་འཕྲད་གནང་སྟེ་ ཐེ་ལྦན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལས་གཞིའི་སྐོ་ཕན་ཚུན་ཉམས་མྱོང་བརྗེ་སྤེལ་གནང་ཡོད་པ་མ་ཟད་   ཕྱི་དྲོ་ཐེ་ལྦན་འཕྲོད་བསྟེན་ལྷན་ཁང་གི་འགོས་ནད་དོ་དམ་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྐུ་ཞབས་ཀྲའུ་སོགས་མཇལ་འཕྲད་གནང་སྐབས་   ཁོང་གིས་ཐེ་ལྦན་ནང་གློ་ནད་རིགས་སྔོན་འགོག་བྱེད་སྟངས་སྐོར་སོགས་ངོ་སྤྲོད་གནང་བར་ བཀའ་བློན་ཚེ་རིང་དབང་ཕྱུག་ལགས་ཀྱིས་རྒྱ་གར་ནང་གློ་ནད་སྔོན་འགོག་སྐོར་ངོ་སྤྲོད་དང་ དེ་བཞིན་སྔོན་འགོག་བྱེད་ཐབས་སྐོར་ལ་བཀའ་དྲི་གནང་ཡོད་ཅིང་ དེ་རྗེས་ཐེ་ལྦན་འཕྲོད་བསྟེན་བློན་ཆེན་ཆིའུ་ལྦིན་ཏ་དང་ འཕྲོད་བསྟེན་བློན་ཆེན་ཟུར་པ་ གཞན་ཡང་ཐེ་ལྦན་འཕྲོད་བསྟེན་རྒྱལ་སྤྱིའི་མཉམ་འབྲེལ་སྡེ་ཚན་གྱི་འགན་འཛིན་བཅས་མཇལ་འཕྲད་གནང་ཞིང་ བཀའ་བློན་ཚེ་རིང་དབང་ཕྱུག་ལགས་ཀྱིས་ བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྐོར་ངོ་སྤྲོད་གནང་སྟེ་འབྱུང་འགྱུར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་སྨན་པ་ཐེ་ལྦན་ནང་འཕྲོད་བསྟེན་དང་འབྲེལ་བའི་སྦྱོང་བརྡར་སྤྲོད་ཐབས་ཡོང་བའི་སྐོར་སོགས་ཕན་ཚུན་བཀའ་མོལ་ཞིབ་ཕྲ་གནང་ཡོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།