ཧྥ་རན་སི་ནས་རྒྱ་ནག་གི་སྨན་རྫས་རྫུན་མ་མང་པོ་ཐོན་འདུག


2014.04.12
རྒྱ་ནག་པེ་ཅིན་ནས་སྨན་རྫས་རྫུན་མ་ཐོན་པ་མེད་པར་བཟོ་བཞིན་པ། ༢༠༡༣།༣།༡༥ རྒྱ་ནག་པེ་ཅིན་ནས་སྨན་རྫས་རྫུན་མ་ཐོན་པ་མེད་པར་བཟོ་བཞིན་པ། ༢༠༡༣།༣།༡༥
པར། AFP

ཧྥ་རན་སིའི་འགག་སྒོ་ལས་ཁུངས་ཀྱིས་རྒྱ་ནག་ནས་བཟོས་པའི་སྨན་རྫས་རྫུན་མ་ཁྲི་ཉིས་སྟོང་ཙམ་གཞུང་བཞེས་བྱས་འདུག
དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕ་རན་སིའི་འགག་སྒོ་ལས་ཁུངས་ཀྱིས་རྒྱ་ནག་ནས་བཟོས་པའི་སྨན་རྫས་རྫུན་མ་ཁྲི་ཉིས་སྟོང་ཙམ་རྩད་གཅོད་གཞུང་བཞེས་བྱས་ཡོད་པ་དང་། སྨན་རྫས་དེ་དག་ནི་ཨ་སི་ཕི་ལིང་དང་། བཤལ་སྨན། རོ་རྩ་འཕེལ་ཐབས་སོགས་ཀྱི་སྨན་རྫས་ཡོད་པ་རེད་འདུག ཡོ་རོབ་མནའ་འབྲེལ་རྒྱལ་ཁོངས་སུ་ད་བར་སྨན་རྫས་རྫུན་མའི་རིགས་ཐོན་པའི་གྱོད་དོན་ནང་ནས་ད་རེས་རྒྱ་ནག་ནས་བཟོས་པའི་སྨན་རྫས་རྫུན་མ་ཐོན་པ་དེ་ཆེ་ཤོས་ཡིན་པ་ཕ་རན་སིའི་འགག་སྒོ་ལས་ཁང་གིས་འདི་ཟླའི་ཚེས་༡༠་ཉིནབརྗོད་ཡོད་འདུག གསར་འགྱུར་དེའི་ནང་མུ་མཐུད་བཀོད་དོན། ཕ་རན་སིའི་འགག་སྒོ་ཁང་ནས་ལོ་ལྟར་གཟུགས་མཐོང་རླུང་འཕྲིན་འཕྲུལ་འཁོར་དང་། ལག་ཐོགས་ཁ་པར། རླངས་འཁོར་གྱི་ལྷུ་ལག གྱོན་གོས། སྨན་རྫས་སོགས་ཐོན་རྫས་རྫུན་མ་ཧ་ཅང་མང་པོ་རྩད་གཅོད་ཐུབ་ཀྱི་ཡོད་པ་དེ་ཚོ་ཡང་མང་ཆེ་རྒྱ་ནག་ནས་བཟོས་པའི་ཐོན་རྫས་རྫུན་པ་ཡིན་པ་དང་། འགག་སྒོའི་གསལ་བསྒྲཌ་ནང་། སྨན་རྫས་དེ་ཚོའི་ནང་ཕན་ནུས་ལྡན་པའི་སྨན་རྒྱུའི་རིགས་གང་ཡང་མེད་པར་ད་དུང་ལུས་པོའི་འཕྲོད་བསྟེན་ལ་གནོད་ཚབས་ཆེ་བའི་རྫས་རིགས་མང་པོ་ཡོད་པ་གསལ་འདུག རྒྱ་ནག་ནས་ཐོན་པའི་ཐོན་རྫས་རྫུན་མ་དེ་དག་མང་པོ་ཞིག་ཕ་རན་སིའི་ས་ཐོག་ནས་ཨ་ཧྥི་རི་ཀའི་ཡུལ་ལུང་ཁག་ལ་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོཌ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎