བོད་ཀྱི་སྟོང་ཉེན་ཅན་གྱི་རི་དྭཊ་གཙོད་བདའ་ནས་རྩེད་ཆས་བྱས་བར་ཉེས་ཆད་བཅད་འདུག

2017-10-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་ཀྱི་སྟོང་ཉེན་ཅན་གྱི་རི་དྭཊ་གཙོད་བདའ་ནས་རྩེད་ཆས་བྱས་བ། ༢༠༡༧།༡༠
བོད་ཀྱི་སྟོང་ཉེན་ཅན་གྱི་རི་དྭཊ་གཙོད་བདའ་ནས་རྩེད་ཆས་བྱས་བ། ༢༠༡༧།༡༠
སྤྱི་ཚོགས་དྲ་ལམ།

རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པས་རླངས་འཁོར་སྐོར་ནས་ནག་ཆུ་ས་ཁུལ་གྱི་གསེར་གླིང་མཚོ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བོད་ཀྱི་སྟོང་ཉེན་ཅན་གྱི་རི་དྭགས་གཙོད་གང་བྱུང་དུ་བདའ་ནས་རྩེད་ཆས་བྱས་པར་རྒྱ་སྒོར་གཅིག་ཁྲི་ལྔ་སྟོང་ལྷག་གི་ཉེས་ཆད་བཅད་འདུག
དེ་ཡང་སྤྱི་ཚེས་༩་ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མི་བདུན་གཟའ་ལྷག་པའི་ཉིན་དམ་དྲག་ཅན་གྱི་བོད་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཏུ་འཛུལ་ནས་རི་དྭགས་གཙོད་པར་བརྒྱབ་ཡོད་པ་རེད་ཅེས་རྒྱ་ནག་རྒྱལ་ཡོངས་བརྙན་འཕྲིན་ཁང་གིས་བརྗོད་ཡོད་པ་ལུང་འདྲེན་བྱས་སྟེ་འཁོད་འདུག
བརྙན་ཐུང་ནང་རླངས་འཁོར་དཀར་པོ་གཉིས་ཀྱིས་གཙོད་རྗེས་འདེད་ཀྱིས་གཙོད་ཡར་མར་བྲོས་བཞིན་ཡོད་པ་མཐོང་ཐུབ་གི་ཡོད་པ་རེད།
བོད་ལྗོངས་ནག་ཚལ་སྲུང་སྐྱོབ་ཁང་གིས་གཟའ་ཉི་མའི་ཉིན་གསལ་བསྒྲགས་སྤེལ་བ་གོང་ཞུས་གསར་ཁང་གིས་མུ་མཐུད་ལུང་འདྲེན་བྱས་པའི་ནང་། རླངས་འཁོར་དེ་གཉིས་ཀྱིས་གཙོད་སྐར་མ་གཅིག་ལྷག་ཙམ་ལ་རྗེས་འདོད་བཏང་ཡོད་པ་རེད། དེའི་ཐད་རང་བྱུང་སྲུབ་སྐྱོབ་ཀྱི་ལས་དོན་གནང་མཁན་ཀྱི་འབྲེལ་ཡོད་དཔོན་རིགས་ཚོར་འགན་འཁྲི་ཡོད་པའི་ཁར། ཡུལ་སྐོར་སྤྲོ་འཆམ་པ་མི་བདུན་པོ་དེ་ཚོར་མི་རེ་ལ་རྒྱ་སྒོར་གཅིག་ཁྲི་ལྔ་སྟོང་ངམ་ཨ་སྒོར་གཉིས་སྟོང་ལྷག་གི་ཉེས་ཆད་བཅད་ཡོད་སྐོར་བརྗོད་འདུག
འབྲེལ་ཡོད་སྲུང་སྐྱོབ་ལས་ཁུངས་ཀྱིས་རླངས་འཁོར་ཡིས་གཙོད་བདའ་པ་དེས་གཙོད་སྲོག་ཉེན་བཟོས་ཡོད་ནའང་། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༠༠་ཙམ་ལ་རྟོག་ཞིབ་བྱས་སྐབས་གཙོད་བསད་རྨས་སོགས་ཀྱི་གནས་ཚུལ་རྙེད་སོན་བྱུང་མེད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གོང་ཞུས་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་མི་བདུན་པོས་གཙོད་བདའ་ས་དེ་ནི་ནག་ཆུ་ས་ཁུལ་གྱི་གསེར་གླིང་མཚོ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡིན་པ་རེད་ཅེས་འཁོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།