མགོ་ལོག་དཔལ་ཡུལ་དར་ཐང་དགོན་དུ་བསྔོ་སྨོན་འདས་མཆོད།

བོད་ནང་གི་མགོ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་དར་ཐང་དགོན་དུ་དགེ་འདུན་པ་ཚོས་བོད་དོན་ཆེད་ད་བར་རང་ལུས་མེ་བསྲེགས་གཏོང་མཁན་ཚོའི་ཆེད་བསྔོ་སྨོན་འདས་མཆོད་རྒྱ་ཆེ་བ་བྱས་འདུག
2012-11-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

tarthang

དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་དཔལ་ཡུལ་དར་ཐང་དགོན་དུ་དགེ་འདུན་པ་བརྒྱ་ཕྲག་བརྒལ་བ་རང་འགུལ་གྱིས་འཛོམས་ནས་༸གོང་ས་མཆོག་གི་སྐུ་པར་མདུན་གཙོས་དགོན་པའི་མདུན་དང་། འདུ་ཁང་གི་ཡང་སྟེང་སོགས་ཡོངས་སུ་མཆོད་མེ་སྒྲོན་པ་དང་། མཆོད་མེ་སྦར་ནས་མ་ཎི་བྲིས་བ། བསྔོ་སྨོན་གསུངས་བ་སོགས་བྱས་ཏེ་བོད་སྤྱི་བའི་བདེ་སྡུག་གི་དོན་དུ་ད་བར་རང་ལུས་མེ་བསྲེགས་གཏོང་མཁན་ཚོའི་ཆེད་བསྔོ་སྨོན་འདས་མཆོད་རྒྱ་ཆེ་བྱས་བར་བླ་མ་དཔལ་ཡུལ་སྐར་ངག་ཉི་མ་མཆོག་ཆེད་ཕེབས་ཀྱིས་འདས་མཆོད་སྨོན་ལམ་གསུངས་ཡོད་པ་བརྗོད་བྱུང་།

གོང་གི་དཔལ་ཡུལ་དར་ཐང་དགོན་མདོ་སྔགས་བཤད་སྒྲུབ་ཆོས་གླིང་ནི་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པ་དང་། དེ་སྔོན་བླ་མ་ཀརྨ་འགྱུར་མེད་མཆོག་གིས་ཕྱག་བཏབ་མཛད་གནང་བ་མི་ལོ་༡༦༠་ལྷག་གི་ལོ་རྒྱུས་ཡོད་པ་ད་ལྟའི་ཆར་དགེ་འདུན་པའི་ཞལ་གྲངས་༨༠༠་ཙམ་ཡོད་པ་རེད་འདུག

tarthang

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།