བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལ་དྭགས་ལ་ཕེབས་ཡོད་པ།


2015.09.29
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་
བོད་མའི་སྒྲིག་འཛུགས་

༄༅།འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཉིན་གྲངས་བརྒྱད་རིང་ལ་དྭགས་ཁུལ་ལ་འཕྲོད་བསྟེན་གྱི་ཞིབ་འཇུག།
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཉིན་གྲངས་བརྒྱད་རིང་ལ་དྭགས་ཁུལ་གྱི་ས་གནས་ཁག་དགུའི་ནང་གི་བོད་མིའི་འབྲོག་སྡེ་དང་གཞིས་ཆགས་ཁག་ཏུ་འཕྲོད་བསྟེན་གྱི་ལས་དོན་ཁག་ལ་ཞིབ་འཇུག་གནང་བཞིེན་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་ལ་དྭགས་ཁུལ་གྱི་བོད་མིའི་འཕྲོད་བསྟེན་གནས་
སྟངས་རྟོགས་ཞིབ་དང་།ནང་སྲིད་བཀའ་བློན་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་Bangalore,མོན་གྷོ་ཊ་བོད་མིའི་གཞིས་ཆགས་སུ་འཚམས་འདྲིར་ཕེབས་ཡོད་པ་རེད་།
དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ཟླ་ ༩ པའི་ཚེས་ ༢༩ ནས་འགོ་བཙུགས་ཏེ་ཕྱི་ཟླ་ ༡༠ ཚེས་ ༦ བར་ཉིན་གྲངས་བརྒྱད་རིང་ལ་དྭགས་ཁུལ་གྱི་ས་གནས་ཁག་དགུའི་ནང་གི་བོད་མིའི་འབྲོག་སྡེ་དང་གཞིས་ཆགས་ཁག་ཏུ་འཕྲོད་བསྟེན་གྱི་ལས་དོན་ཁག་ལ་ཞིབ་འཇུག་གནང་རྒྱུ་དང་། ས་གནས་བོད་མི་མང་ཚོགས་ལ་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་ཀྱི་ལམ་སྟོན་གནང་རྒྱུ་ཡིན་ཞིང་། བཀའ་བློན་མཆོག་གིས་དེ་རིང་ཕྱི་ཚེས་༢༩ཉིན་ལ་དྭགས་ཀྱི་གྲོང་ཁྱེར་སླེ་ནས་ཆུ་ཤུལ་གཡར་འཕེལ་དངོས་གྲུབ་གླིང་ཞེས་པའི་བོད་མི་གནས་སྡོད་བྱེད་ཡུལ་དུ་ཕེབས་འབྱོར་བྱུང་ནས་ས་གནས་མང་ཚོགས་ཚོགས་འདུ་སྐོང་ཚོགས་གནང་བ་དང་། ས་གནས་དེའི་ཁུལ་དུ་གཟིགས་སྐོར་ཡང་གནང་རྒྱུའི་འཆར་གཞི་ཡོད་པ་རེད་།   དེ་རྗེས་རིམ་བཞིན་བྱང་རྒོད་ཡུལ་དང་ཧན་ལེའི་ས་གནས་། ཁྱུ་ཁུལ་དང་བྱང་ཉི་མ་། ཆུ་མུར་ས་གནས་། གསུམ་མདོ་དང་ས་སྨད་བཅས་སུ་འཚམས་འདྲི་གནང་སྟེ་ཕྱི་ཚེས་༦ ཉིནན་ལ་དྭགས་གྲོང་ཁྱེར་སླེ་ནང་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད་། དེ་བཞིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོན་མ་མཆོག་ནི་ཕྱི་ཟླ་ ༩ ཚེས་ ༢༧ ནས་ཕྱི་ཟླ་ ༡༠ ཚེས་ ༨ བར་གཟའ་འཁོར་གཉིས་ཙམ་རིང་ལྡི་ལི་དང་སྦེང་ལོར།མོན་གྷོ་བོད་མིའི་གཞིས་ཆགས་སུ་འཚམས་འདྲིར་ཕེབས་ཏེ་།ཕྱི་ཚེས་༢༨ཉིན་ལྡི་ལིར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང་མཇལ་འཕྲད་ཞུས་པ་དང་། ཕྱི་ཚེས་ ༣༠ཉིན་གྲོང་ཁྱེར་སྦེང་ལོར་དུ་གཞུང་འབྲེལ་མི་སྣ་ཁག་ཅིག་མཇལ་འཕྲད་ཞུ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེ་སོར་གྱི་རྫོང་དཔོན་དང་མཇལ་འཕྲད་ཞུ་རྒྱུ་དང་། ཕྱི་ཚེས་ ༣ དང་༤ གཉིས་རིང་མོན་གྷོ་ཊ་བོད་མིའི་གཞིས་ཆགས་ནང་དུ་འཚམས་འདྲི་གནང་རྒྱུ་དང་།ཕྱི་ཚེས་ ༥ ཉིན་Karwar རྫོང་དཔོན་དང་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༧ཉིན་བཞུགས་སྒར་ཕྱོགས་སུ་ཕྱིར་ལོག་གནང་གི་ཡོད་པ་རེད་།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎