རྒྱ་གཞུང་གིས་ཨ་མདོ་ས་ཁུལ་དུ་དམག་མི་འགྲེམ་འཇོག་བྱས་པ།

ཨ་མདོའི་ས་ཁུལ་བླ་བྲང་དང༌། ཀླུ་ཆུ་རྫོང༌། རེབ་གོང་བཅས་པའི་ནང་དེང་སྐབས་རྒྱ་ནག་གཞུང་གིས་དམག་མི་ཧ་ཅང་འབོར་ཆེན་པོ་འགྲེམ་འཇོག
2012-03-24
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་ཀྱི་མདོ་སྨད་ཨ་མདོའི་ས་ཁུལ་བླ་བྲང་དང༌། ཀླུ་ཆུ་རྫོང༌། རེབ་གོང་བཅས་པའི་ནང་དེང་སྐབས་རྒྱ་ནག་གཞུང་གིས་དམག་མི་ཧ་ཅང་འབོར་ཆེན་པོ་འགྲེམ་འཇོག་བྱེད་བཞིན་ཡོད་པ་མ་ཟད། མངའ་ཁུལ་གྱི་ལས་བྱེད་པ་ཚོར་ཡང་དམག་ཆས་གྱོན་བཅུག་སྟེ་ས་ཁུལ་སོ་སོར་བདེ་འཇགས་ཀྱི་ལས་དོན་གཉེར་བཅུག་གི་ཡོད་པའི་སྐོར། ས་གནས་ནས་བོད་མི་མིང་འབོད་གནང་འདོད་མེད་པ་ཞིག་གིས་འདི་གའི་ཨོས་ཀྲོརོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་འགྲེལ་བརྗོད་འདུག 
ཉེ་སྔོན་བོད་ཤར་ཕྱོགས་ཀྱི་ས་ཁུལ་སྤྱི་དང༌། ལྷག་པར་དུ་རེབ་གོང་། ཀླུང་ཆུ།་ བླ་བྲང་བཅས་པར་དགེ་འདུན་པ་དང༌། ས་གནས་མི་མང༌། སློབ་ཕྲུག་རྣམས་ཀྱིས་བོད་མིའི་ཐོག་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་ཤུགས་ཆེ་སྤེལ་ཡོད་པ་རེད།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།