༸གོང་ས་མཆོག་མ་ནི་པུར་དུ་ཆིབས་བསྒྱུར་གནང་གཏན་འཁེལ་བ།

2017-10-01
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༸གོང་ས་མཆོག་མ་ནི་པུར་གྱི་རྒྱལ་ས་ཨིམ་ཕལ་དུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པའི་གནས་ཚུལ།
༸གོང་ས་མཆོག་མ་ནི་པུར་གྱི་རྒྱལ་ས་ཨིམ་ཕལ་དུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པའི་གནས་ཚུལ།
དགའ་ལྡན་ཕོ་བྲང༌།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་༡༠ཚེས་༡༧ཉིན་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཤིག་ལ་མཉམ་ཞུགས་གནང་ཆེད་རྒྱ་གར་གྱི་Manipur མངའ་སྡེའི་རྒྱལ་ས་Imphal ནང་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་ལུགས་ Manipur མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུངས་བཞག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ Manipur མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Yumnam Khemchandམཆོག་གིས་གྲོས་ཚོགས་སུ་གློག་གི་རྐང་འཁོར་འགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས་གནང་བའི་ཞོར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༨ཉིན་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་གཏན་འཁེལ་བའི་གསལ་བསྒྲགས་གནང་འདུག་ལ་ ཁོང་གིས་ལྷན་ཚོགས་སུ་རྒྱལ་ཁབ་ཁ་ཤས་ནས་ཆོས་ཀྱི་དབུ་ཁྲིད་ཁག་ཅིག་ཀྱང་ཕེབས་རྒྱུ་ཡིན་སྐོར་གསུངས་བཞག  
དེ་བཞིན་Manipur མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ ཁོང་ལ་ཉེ་སྔོན་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བའི་སྐབས་༸གོང་ས་མཆོག་ལ་Manipur མངའ་སྡེའི་ནང་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར་༸གོང་ས་མཆོག་གིས་ཞལ་བཞེས་བཟང་པོ་གནང་བྱུང་ཞེས་གསུངས་བཞག  
ཟླ་བ་ཁ་ཤས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་Arunachal Pradesh མངའ་སྡེའི་ནང་ཞབས་སོར་འཁོད་པའི་སྐབས་རྒྱ་ནག་གིས་དེ་ནི་ཁོང་ཁྲོ་སློང་གཞི་ཞིག་རེད་ཅེས་བཤད་ནས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཀྱང་ད་ལན་༸གོང་ས་མཆོག་Manipur དུ་༸ཞབས་སོར་འཁོད་རྒྱུར་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་མ་བྱས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་བཞག Manipur མངའ་སྡེའི་དཔོན་རིགས་ཚོས་ཐེངས་འདིའི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐོག་འབར་མ་འམ་མ་ཡན་མར་དང་། ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མང་པོ་ནས་ནང་པའི་དགེ་འདུན་མང་པོ་ཞིག་ཕེབས་སྲིད་པའི་ཚོད་དཔག་གནང་གི་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་Manipur དུ་༸ཞབས་སོར་མ་འཁོད་པའི་གོང་དུ་སྐུ་ཕྱའི་བདེ་སྲུང་གོ་སྒྲིག་དོ་ནན་པོ་གནང་རྒྱུ་ཡིན་ལུགས་ས་གནས་ཉེན་རྟོག་པས་གསུངས་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།