༧གོང་ས་མཆོག་པཊ་ནར་ཞབས་སོར་འཁོད་འདུག

༸གོང་ས་མཆོག་པཊ་ནར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཁུལ་དེར་གཙོ་བོ་དགེ་སློང་ཚོར་ཁྲིད་པའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ནང་དབུ་བཞུགས་གནང་གི་ཡོད་པ་རེད།
2013-01-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་ཧཱར་རྒྱལ་ས་པཊ་ནའི་Jayprakash Narayan གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བྷི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་གིས་ (Nitish Kumar) ཕེབས་བསུ་གཟབ་རྒྱས་ཞུས་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་བི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ནར་རྟེན་གཞི་བྱས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་སྐྱེད་མོས་ཚལ་ནང་། དུས་རབས་ ༢༡ ནང་པའི་དགེ་སློང་ཚོར་ཁྲིད་པའི་ལས་འགན། ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ (International Buddhist Sangha Seminar on The Role of the Buddhist Sangha in the 21st Century) དེར་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག ནང་པའི་ཆོས་ཚོགས་དེར་ཐཡ་ལནཌ་དང་། ཤྲི་ལང་ཀ། ཉི་ཧོང། འབར་མ། རྒྱ་ནག་བཅས་ཀྱི་སྐུ་ཚབ་ ༡༥༠༠ བརྒལ་བས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།    ༧གོང་ས་མཆོག་བི་ཧཱར་ཁུལ་གྱི་མཛད་འཆར་གྲུབ་རྗེས་གནས་མཆོག་ཝ་ར་ཎ་སིར་ཆིབས་བསྒྱུར་གནང་གི་ཡོད་པ་རེད།།