༸གོང་ས་མཆོག་སྐུ་ཁམས་གསལ་ཐང་ཡིན་གསུངས་སོང་།


2015.09.28
༸གོང་ས་མཆོག་ཕྱི་ལོ་༢༠༡༢ཟླ་༤པའི་ནང་མ་ཡོ་སྨན་ཁང་དུ་ཆིབས་བསྒྱུར་སྐབས།
དགའ་ལྡན་ཕོ་བྲང་།

༄༅།    །བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བཟང་པོ་ཡིན་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མེ་རི་ཀའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་གསལ་བཤད་གནང་འདུག  ཁ་ས་གཟའ་ཉི་མའི་ཉིན་ཨ་རིའི་མངའ་སྡེ་མེ་ནི་སོ་ཊའི་Rochester གྲོང་ཁྱེར་ནང་ཡོད་Mayo སྨན་ཁང་གི་མགྲིན་ཚབ་པས་འདི་ལོ་དགུང་གྲངས་༨༠ཕེབས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྨང་ཁང་དེའི་ནང་འཆར་ཅན་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་ཡོད་ལུགས་གསུངས་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་དང་།  ཉིན་ཤས་སྔོན་ནས་༧གོང་ས་མཆོག་གིས་ཨ་རིའི་ནང་ཟླ་བ་རྗེས་མར་བསྐྱང་རྒྱུའི་ཆིབས་བསྒྱུར་མཛད་འཆར་ཁག་ཕྱིར་བསྡུ་གནང་བ་སོགས་ཀྱི་གནས་ཚུལ་ཐོན་པར་བརྟེན་བོད་ཕྱི་ནང་གཉིས་སུ་གནས་པའི་རྒྱ་ཆེའི་མི་མང་ཚོས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་རེད།   དེར་བརྟེན་ཁ་སང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ད་ལྟའི་སྐུ་གཟུགས་ཀྱི་གནས་སྟངས་ཇི་ལྟར་ཡོད་མེད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་སུ་ཞལ་དཔར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས།  ༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ཡིན་པས་ཐུགས་གཡེང་གནང་དགོས་མེད་པ་དང་།  ཨེམ་རྗེས་༧གོང་ས་མཆོག་ལ་སྐུ་ངལ་གསོ་གནང་དགོས་པའི་ཞབས་སྐུལ་ཞུས་པ་དང་འབྲེལ། སྐུ་གཟུགས་ལ་མུ་མཐུད་བརྟག་དཔྱད་ཞུ་ཆེད་ད་ལྟ་སྨན་ཁང་གི་དེའི་ཉེ་འགྲམ་མགྲོན་ཁང་ཞིག་ཏུ་བཞུགས་ཡོད་ཅིང་།  རྩ་བའི་སྐུ་ཁམས་གསལ་ཐང་ཡིན་པ་ཐུགས་གཡེང་གནང་དགོས་མེད་པའི་སྐོར་གསུངས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎