དམག་འཁྲུག་གི་དཀའ་ངལ་ནི་བྱམས་དང་རྙིང་རྗེ་ཉུང་དྲགས་པས་ཡིན།


2015.09.21
གསར་འགོད་པ་Clive Myrie ཡིས་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་བཞིན་པ།
དགའ་ལྡན་ཕོ་བྲང་།

༄༅།    །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་ནང་དེང་སྐབས་མཛད་འཕྲིན་སྐྱོང་བཞིན་པ་ལྟར།    དེ་གའི་རྒྱ་གར་མི་རིགས་གནས་སྡོད་བྱེད་མཁན་ཚོར་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་རྣམ་བཞག་དང་འཚེ་བ་མེད་པའི་སྐོར་སོགས་བཀའ་སློབ་གནང་བཞིན་ཡོད་པ་རེད།
དེ་བཞིན་དེ་གར་དབྱིན་ཇིའི་བྷི་བྷི་སི་གསར་འགོད་པ་Clive Myrie ཡིས་༧གོང་ས་མཆོག་ལ་དེང་སྐབས་དམག་འཁྲུག་གི་དཀའ་ངལ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་༧གོང་ས་མཆོག་གིས།  སྤྱིར་དེང་སྐབས་འཛམ་གླིང་གི་ནང་དམག་འཁྲུག་གི་དཀའ་ངལ་འོག་ཡུལ་མི་མང་པོ་སྐྱབས་བཅོལ་དུ་འགྲོ་བའི་དཀའ་ངལ་སོགས་སེལ་ཐབས་སུ་གཞི་རྩའི་མི་རིགས་ལ་བྱམས་དང་སྙིང་རྗེའི་སེམས་པ་གོང་འཕེལ་གཏོང་དགོས་སྐོར་སོགས་བཀའ་གནང་ཡོད་པ་རེད།
དེ་བཞིན་ Clive Myrie ཡིས་མུ་མཐུད་བཀའ་འདྲི་ཞུས་པར་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་ད་ལྟའི་འཚེ་མེད་ཞི་བའི་དབུ་མའི་ལངས་ཕྱོགས་དེ་རྗེས་འབྲས་ཐོན་པ་ཞིག་བྱུང་མེད་ལུགས་བརྗོད་པ་དེའི་ཐད་༧གོང་ས་མཆོག་གི་དགོངས་ཚུལ་གང་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུས་པའི་སྐབས་༧གོང་ས་མཆོག་གིས་བཀའ་གནང་བར།   དབུ་མའི་ལམ་དེ་གྲུབ་འབྲས་ཐོན་མི་ཐུབ་པ་རེད་ཅེས་པ་དེ་དྲང་པོ་མིན་ཞིང་།  གང་ལགས་ཤེ་ན།    དབུ་མའི་ལམ་ལ་ཐ་ན་རྒྱ་ནག་གི་རྒྱ་རིགས་ཚོའི་ནང་ནས་ཀྱང་དེར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་།   ༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་རྒྱ་རིགས་མང་པོས་ཀྱང་བོད་ནང་འཕྲད་པའི་དཀའ་ངལ་དེ་ཚོར་དགོངས་སེལ་ཞུ་མཁན་ཡང་མང་པོ་བྱུང་ལུགས་གསུངས་ཡོད་པ་རེད།
དེ་བཞིན་ཤུགས་ལྡན་གྱི་སྐོར་ལའང་དྲི་བ་ཞུས་པའི་སྐབས་༧གོང་ས་མཆོག་གིས་དེའི་སྐོར་ང་རྒྱལ་ཁོང་ཁྲོའི་རྣམ་པའི་ངང་ནས་གང་བྱུང་མི་བརྗོད་པར་གནད་དོན་ལ་ཞིབ་དཔྱོད་མཐིལ་ཕྱིན་པ་ཞིག་བྱས་ཏེ་ཤེས་རྟོགས་དགོས་པ་དེ་གལ་གནད་ཆེན་པོ་ཡིན་ལུགས་བཀའ་གནང་ཡོད་འདུག།   
གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎