༧གོང་ས་མཆོག་ནས་ཨེ་མོ་རིའི་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ།

2017-05-29
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཆེད་བཅར་ཞུས་པའི་སློབ་ཕྲུག་ཁག་ལ་མཇལ་ཁ་དང་བཀའ་སློབ།
༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཆེད་བཅར་ཞུས་པའི་སློབ་ཕྲུག་ཁག་ལ་མཇལ་ཁ་དང་བཀའ་སློབ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།


༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཕོ་བྲང་དུ་ཆེད་བཅར་ཞུས་པའི་ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་གནང་སྐབས། ནང་ཆོས་དང་འགྲོ་བ་མི་ཡོངས་ལ་ཕན་པའི་ཀུན་སློང་’འཁྱེར་ནས་སེམས་བཟང་བྱེད་ན་རང་གཞན་ཚང་མར་བདེ་སྐྱིད་ཡོང་རྒྱུ་ཡིན་པའི་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང༌། འདས་པའི་ལོ་ངོ་༥༨རིང་རྒྱ་གར་དེ་བཞིན་གང་ཉིད་བཙན་བྱོལ་དུ་བཞུགས་སའི་ཁྱིམ་གཞི་གཉིས་པ་ལྟ་བུ་ཆགས་གནང་ཡོད་པ་མ་ཟད། བསམ་བློའི་ཐོག་ནས་རྒྱ་གར་དེ་བཞིན་ཆོས་ཕྱོགས་ཀྱི་ཤེས་ཡོན་སྦྱང་གནང་སའི་ལྟེ་གནས་ལྟ་བུ་ཞིག་ལ་རྩིས་གནང་གི་ཡོད་ཅེས་བཀའ་གནང་འདུག
རང་དབང་ཅན་གྱི་རྒྱལ་ཁབ་རྒྱ་གར་ལྟ་བུའི་ནང་གང་ཉིད་ལ་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་། འདས་པའི་ལོ་གསུམ་བཅུའི་ནང་འཛམ་གླིང་གི་ཚན་རིག་མཁས་པ་མང་པོ་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དང་། ལྷག་པར་དུ་ཕོ་བྲང་དུ་དེང་དུས་ཚན་རིག་མཁས་པ་ཁག་དང་ལྷན་བགྲོ་གླེང་མཛད་ཡོད་པའི་སྐོར་བཀའ་གནང་བ་དང་ཆབས་ཅིག ཕྱི་རྒྱལ་སློབ་ཕྲུག་རྣམས་ལ་དུས་རབས་༢༡པའི་མི་ཐོག་ཡིན་དུས་མ་འོངས་འཛམ་གླིང་དེ་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་པའི་ནུས་པ་ཁོང་རྣམས་ལ་ཡོད་པའི་སྐོར་བཀའ་གནང་འདུག།
དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སྣེ་འཁྲིད་གནང་བའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་དབྱར་ཁའི་དུས་རིང་རྒྱ་གར་རྡ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་དུ་ཟབ་སྦྱོང་ཆེད་འཁྲིད་གནང་རྒྱུའི་ལས་འཆར་དེ་༢༠༠༩ལོ་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང། ཟབ་སྦྱོང་གནང་སྐབས་སློབ་མ་ཚོར་ནང་ཆོས་དང་བོད་པའི་རིག་གཞུང་སོགས་སློབ་འཁྲིན་གནང་གི་ཡོད་པ་རེད།།
གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།