༧གོང་ས་མཆོག་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་འདས་མཆོད་སྨོན་ལམ་ཐོག་ཞབས་སོར་དབུ་ཞུགས་མཛད་པ།

2018-01-13
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་འདས་མཆོད་སྨོན་ལམ་ཐེངས་བཅོ་ལྔ་པའི་ཐོག་དབུ་ཞུགས་མཛད་འདུག
༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་འདས་མཆོད་སྨོན་ལམ་ཐེངས་བཅོ་ལྔ་པའི་ཐོག་དབུ་ཞུགས་མཛད་འདུག
དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡ ཚེས་ ༡༣ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་ཚོགས་པའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་འདས་མཆོད་སྨོན་ལམ་ཐེངས་བཅོ་ལྔ་པའི་ཐོག་དབུ་ཞུགས་མཛད་འདུག
མཁན་ཆེན་འཇིགས་མེད་ཕུན་ཚོགས་འཇིགས་མེད་མཆོག་ནི་དེང་སྐབས་བོད་ནང་གི་ནང་ཆོས་སློབ་གཉེར་བྱ་ཡུལ་ཆེ་ཤོས་གྲས་སེར་རྟ་བླ་རུང་ནང་བསྟན་སློབ་གླིང་ངམ།  བླ་རུང་སྒར་ཕྱག་བཏབ་མཁན་དེ་ཡིན་པ་དང་། སྔ་ལོ་ཕྱི་ལོ་ ༢༠༡༧ ལོའི་ནང་རྒྱ་ནག་གཞུང་གིས་སེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་མི་གྲངས་ ༤༨༢༨ ཕྱིར་ཕུད་བཏང་པ་དང་། གྲྭ་ཤག་༤༧༢༥ ཙམ་གཏོར་བཤིག་བཏང་སྟེ། ཆོས་སྒར་ཆེན་པོ་དེར་ཉམས་རྒུད་ཧ་ཅང་གི་ཆེན་པོ་བྱུང་ཡོད་པ་རེད།
མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེ་མཆོག་ནི། ༡༩༣༣ ལོར་སྐུ་འཁྲུངས་ཤིང་། དགུང་གྲངས་ ༡༣ ཐོག་རབ་ཏུ་བྱུང་བ་དང་། ཕྱི་ལོ་ ༡༩༨༠ འི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་སྐབས།  ཀུན་གཟིགས་པན་ཆེན་རིན་པོ་ཆེའི་རྒྱབ་སྐྱོར་འོག་སེར་རྟ་བླ་རུང་ནང་བསྟན་སློབ་གླིང་དེ་ཕྱག་བཏབ་གནང་ཡོད་པ་རེད།
ཕྱི་ལོ་ ༡༩༩༠ ཐམ་པའི་ལོར་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་རྒྱ་གར་དུ་ཆེད་ཕེབས་གནང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་ཞིང་། སྔ་འགྱུར་རྙིང་མའི་དབུ་ཁྲིད་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད།
དུས་ཡུན་ལོ་བཅུ་ཕྲག་ལྷག་རིང་སེར་རྟ་བླ་རུང་ནང་བསྟན་སློབ་གླིང་རྒྱ་སྐྱེད་ཧ་ལས་པའི་ཆེན་པོ་བྱུང་ཞིང་། བོད་མི་ཙམ་མ་ཟད། རྒྱ་རིགས་དང་ཕྱི་རྒྱལ་བ་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱ་མཁན་ཡང་ཧ་ཅང་མང་པོ་བྱུང་ཡོད་པ་རེད།
ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༡ ཚེས་ ༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་དུའི་སྨན་ཁང་ཞིག་གི་ནང་དགོངས་པ་རྫོགས་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།