༧གོང་ས་མཆོག་གིས་ཧ་ལྦ་ཨིའི་ཁུལ་གྱི་མཛད་འཕྲིན་ལེགས་གྲུབ།

༧གོང་ས་མཆོག་ཧ་ལྦ་ཨིའི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཁལ་ལེ་ཕོར་ནི་ཡར་ཆིབས་༧ཞལ་བསྒྱུར་གནང་མཛད་འདུག

2012.04.18

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧ་ཝའི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཨ་རིའི་མངའ་སྡེ་ཁལ་ལེ་ཕོར་ནི་ཡར་ཆིབས་༧ཞལ་བསྒྱུར་གནང་མཛད་འདུག
ཕྱི་ཟླ་བཞི་པའི་ཚེས་༡༧ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧ་ཝའ་ཡི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་རྗེས་ཨ་རིའི་མངའ་སྡེ་ཁལ་ལེ་ཕོར་ནི་ཡའི་གྲོང་ཁྱེར་སེན་ཌི་ཡེ་གོར་ཆིབས་ཞལ་བསྒྱུར་ཏེ་ ཁུལ་དེར་ཉིན་ཕྱེད་ཡོལ་ཙམ་ལ་༧ཞབས་སོར་བདེ་བར་འཁོད་སྐབས་ གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཇེ་རི་སེན་ཌར་སི་དང་ དེ་བཞིན་སེན་ཌི་ཡེ་གོ་མངའ་སྡེའི་གཙུག་ལག་སློབ་གྲ་དང་ ཁལ་ལེ་ཕོར་ནི་ཡའི་གཙུག་ལག་སློབ་གྲ་སེན་ཌི་ཡེ་གོ་གཙུག་ལག་སློབ་གྲ་བཅས་སློབ་གྲ་ཁག་གསུམ་གྱི་འབྲེལ་ཡོད་ལས་བྱེད་རྣམ་པ་དང་ ས་གནས་བོད་མི་བཅས་ཀྱིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག ཕྱི་ཚེས་༡༨ཉིན་ཁལ་ལེ་ཕོར་ནི་ཡའི་གཙུག་ལག་སློབ་གྲའི་རྩེད་རར་༧གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་བགྲོས་དང་བྱམས་བརྩེ་ ཀུན་ཁྱབ་འགན་འཁུར་ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་ ཡང་དེའི་ཉིན་རྒྱབ་ཏུ་སེན་ཌི་ཡེ་གོ་གཙུག་ལག་སློབ་གྲའི་ཇེན་ནི་ཀེ་རེག་ ཞེས་པའི་ཚོགས་རར་ཞི་བདེ་དང་དྲང་བདེན་ ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག   ཕྱི་ཚེས་༡༩ཉིན་སེན་ཌི་ཡེ་གོ་མངའ་སྡེའི་གཙུག་ལག་སློབ་གྲའི་རྩེད་རའི་ནང་འགྲོ་བ་ཀུན་ལ་ཁྱབ་པའི་བཟང་སྤྱོད་དང་བྱམས་བརྩེའི་ཉམས་ལེན་   དུས་རབས་གསར་པའི་ནང་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་ཞིང་ དེ་དང་ཕྱོགས་མཚུངས་ཕྱི་ཚེས་༡༩ཉིན་༧གོང་ས་མཆོག་གིས་གཙུག་ལག་སློབ་གྲ་དེར་ཀླད་ཁམས་ཚན་རིག་དང་ནང་སེམས་ཀྱི་སྐོར་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་མཉམ་བཞུགས་མཛད་རྒྱུ་ཡིན་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་བཞུགས་བཞག་གཉིས་རིང་གི་མཛད་འཕྲིན་རྣམས་ཏ་ལའི་བླ་མའི་མཛད་འཆར་གོ་སྒྲིག་ཚུགས་ཆུང་ཞེས་པའི་ཚོགས་པ་དེས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎