ནང་ཆོས་ཀྱི་ལྟ་གྲུབ་སློབ་གཉེར་བྱེད་དགོས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ནང་ཆོས་ཀྱི་ལྟ་གྲུབ་ལ་བསླབ་པ་སློབ་གཉེར་བྱ་གལ་ཆེ་བའི་སྐོར་བཀའ་སློབ་མཛད་ཡོད་པ་རེད།
2012-12-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །༧གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་སྩལ་བཞིན་པའི་ཆོས་འབྲེལ་གྱི་སྐབས། རྒྱལ་ཁབ་༥༣ནས་དད་ལྡན་ཆོས་ཞུ་བ་བཅར་ཡོད་པས་མ་ཟད། བོད་ནས་ཆེད་དུ་ཕེབས་པའི་ཆོས་ཞུ་བ་ཐེ་བས་ཁྱོན་ཆོས་ཞུ་བ་༣༠༠༠༠ལྷག་འདུ་འཛོམས་བྱུང་འདུག  གསུངས་ཆོས་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ནང་ཆོས་ཉམས་ལེན་དང་ནང་ཆོས་ཀྱི་ལྟ་གྲུབ་ལ་བསླབ་པ་སློབ་གཉེར་བྱ་གལ་ཆེ་བའི་སྐོར་དམིགས་བསལ་བཀའ་སློབ་བསྕལ་གནང་མཛད་ཡོད་པ་རེད།
དེ་ཡང་གོང་ས་མཆོག་གིས་དེ་རིང་ཁ་སང་བོད་ནང་གནས་སྟངས་ཛ་དྲག་གི་རྐྱེན་པས་ཆོས་ལ་སློབ་གཉེར་བྱེད་རྒྱུ་ཟེར་བ་དེ་ནི་དེ་སྔ་ཆོས་འདོན་མཁན་འགའ་ཤས་ཡོད་པ་རྣམས་རྫོགས་འགྲོ་བ་དང་།  ནང་ཆོས་ཀྱི་ལྟ་གྲུབ་ལ་བསླབ་པ་སློབ་གཉེར་བྱ་མཁན་གསར་པའི་གྲས་ས་ཁུག་ལུང་ཁུག་གི་མདོ་སྟོད་སྨད་ས་ཁུལ་འགའ་ཤས་ནང་ཡོད་པ་མ་གཏོགས། གཞན་ཧ་ལམ་མཐོང་རྒྱུ་མེད་པ་ལྟ་བུའི་གནས་སྟངས་ཁག་པོ་ཆགས་ཡོད།  ང་ཚོ་དེ་སྔ་བོད་ནང་ཡོད་དུས་ཀྱི་གོམས་གཤིས་དང་མཐོང་ཚུལ་ནི།  ནང་ཆོས་ལ་སློབ་སྦྱོང་བྱེད་པ་ཟེར་བ་དེ།  ཕྱོགས་གཅིག་ནས་དགེ་འདུན་པ་དང་། མཚན་ཉིད་ཀྱི་གྲྭ་ཁག་དང་། བཤད་གྲྭ་དེ་ཚོའི་ལས་འགན་ཡིན་པ་མ་གཏོགས་སེར་མོ་བ་ཚོས་སོ་སོའི་ནམ་རྒྱུན་གྱི་ཆོ་ག་ཕྱག་ལེན་དང་། ཁ་འདོན་དགེ་སྦྱོར་བྱས་པ་ཙམ་མ་གཏོགས། གཞུང་ཆེན་ལ་བསླབ་པ་སློབ་གཉེར་གྱི་དོ་སྣང་དཀོན་པོ་ཡོད་པ་དེ་ནི་རྗེས་ལུས་དང་ནོར་འཁྲུལ་གྱི་བསམ་བློ་ཡིན་པར་ནན་བརྗོད་གནང་འདུག །

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།