ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་གསུམ་ལ་ཁྲིམས་ཐག་བཅད་འདུག


2017.08.17
ཧོང་ཀོང་ནང་གི་དམངས་གཙོའི་ཉི་གདུགས་གི་ལས་འགུལ་ཞེས་པའི་སྣེ་ཁྲིད་མི་སྣ་སློབ་ཕྲུག་གསུམ། ༢༠༡༧།༨།༡༧ ཧོང་ཀོང་ནང་གི་དམངས་གཙོའི་ཉི་གདུགས་གི་ལས་འགུལ་ཞེས་པའི་སྣེ་ཁྲིད་མི་སྣ་སློབ་ཕྲུག་གསུམ། ༢༠༡༧།༨།༡༧
RFA

ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་༢༠༡༤་ལོའི་ཧོང་ཀོང་ནང་གི་གཞི་རྒྱ་ཆེ་བའི་ཉི་གདུགས་གི་ལས་འགུལ་ཞེས་པའི་སློབ་ཕྲུག་གི་འགོ་ཁྲིད་གསུམ་གྱིས། མི་མང་ཐང་ཆེན་དུ་གདོང་མཆོངས་བྱས་པའི་ཉེས་བཙུགས་ཀྱི་གྱོད་དོན་དེར་བསྐྱར་ཞིབ་བྱས་ནས་སློབ་ཕྲུག་གི་འགོ་ཁྲིད་གསུམ་ལ་ཟླ་བ་དྲུག་ནས་བརྒྱད་བར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་ནང་། སློབ་ཕྲུག་གི་འགོ་ཁྲིད་གྲས་ཧོང་ཀྲེ་ཕང་ལ་བཙོན་འཇུག་ཟླ་བ་དྲུག་དང་། ཀྲའུ་ཡུང་ཁང་ལ་བཙོན་འཇུག་ཟླ་བ་བདུན། ལོའོ་ཀོན་ཚུང་ལ་བཙོན་འཇུག་ཟླ་བ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་ཅིང་། ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གིས་དམངས་གཙོ་དོན་གཉེར་བ་ཚོར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་ལུགས་ཀྱི་ཆེ་ཐོ་བས་རང་སྐྱོང་གི་ས་གནས་ནང་སྟངས་འཛིན་དམ་དྲག་ཆེ་རུ་གཏོང་བཞིན་པའི་མཚོན་རྟགས་ཤིག་ཡིན་པར་མི་མང་པོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཧོང་ཀོང་གི་གཞི་རྩའི་རྩ་ཁྲིམས་ནང་དོན་གཞིར་བཟུང་བྱས་ན། ཟླ་བ་གསུམ་ལས་མང་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཚེ། མ་འོངས་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མིིའི་འདེམས་བསྐོིའི་ནང་ཞུགས་རྒྱུའི་ཐོབ་ཐང་མེད་པར་འགྱུར་གྱི་ཡོད་པ་དང་། སློབ་ཕྲུག་གི་འགོ་ཁྲིད་གྲས་ཧོང་ཀྲེ་ཕང་ད་ལོ་ལོ་ཉི་ཤུ་རྕ་གཅིག་ཟིན་ནས་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ནང་འོས་མིའི་གྲས་སུ་ཞུགས་རྒྱུའི་ལོ་ཚད་ཚང་གི་ཡོད་པ་རེད།
ཧོང་ཀོང་ས་གནས་ཁྲིམས་ཁང་གིས་དེའི་གོང་སློབ་ཕྲུག་གི་འགོ་ཁྲིད་གསུམ་པོའི་ནང་ནས་ཧོང་ཀྲེ་ཕང་ལ་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཚོུད་༨༠་བྱ་དགོས་པའི་ཁྲིམས་ཐག་བཅད་ཡོད་པ་དང་། ལོའོ་ཀོན་ཚུང་ལ་ཚོུད་༡༢༠འི་ཁྲིམས་ཐག ཀྲའུ་ཡུང་ཁང་ལ་ལོ་གཅིག་དུས་འགྱངས་ཀྱི་གཟའ་འཁོར་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ཡིན་ནའི་ཧོང་ཀོང་ས་གནས་ཁྲིམས་ཁང་གི་ཁྲིམས་ཐག་དེར་ཧོང་ཀོང་ནང་སྲིད་ལས་ཁང་གིས་ངོས་ལེན་མ་བྱས་པར། ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་དུ་གྱོད་དོན་དེའི་ཐོག་བསྐྱར་ཞིབ་བྱ་རྒྱུའི་ཞུ་གཏུགས་རྒྱབ་ནས་ད་རེས་ཆེས་མཐོའི་ཁྲིམས་ཁང་གིས་ཁོང་གསུམ་ལ་བཙོན་འཇུག་ཟླ་བ་དྲུག་ནས་བརྒྱད་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
ཧོང་ཀྲེ་ཕང་གིས་ད་རེས་ཁོང་གསུམ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ནི་སྲིད་གཞུང་གིས་ཧོང་ཀོང་ནང་གཞོན་སྐྱེས་དམངས་གཙོ་དོན་གཉེར་ཅན་ཚོར་བཀག་སྡོམ་གྱི་དམིགས་ཡུལ་ཆེད་ཡིན་པ་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག

གསར་འགོད་པ་འཆི་མེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎