གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལས་འགུལ་དྲན་གསོ།

ཧོང་ཀོང་དུ་གནམ་བདེ་སྒོ་མོའི་དམངས་གཙོའི་ལས་འགུལ་ལ་དྲན་གསོའི་ཆེད་གོ་བགྲོད་ཀྱི་ལས་འགུལ་སྤེལ་འདུག

2012.05.27

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་དམངས་གཙོ་དོན་གཉེར་ཅན་དང་དམངས་གཙོར་རྒྱབ་སྐྱོར་གནང་མཁན་ཧོང་ཀོང་མི་དམངས་བརྒྱ་ཕྲག་གྱིས་གོམ་བགྲོད་བྱས་ཏེ། དེ་སྔ་ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་དྲུག་པའི་ཚེས་༤ཉིན་རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་དམར་གསོད་ཆེན་པོ་བཏང་སྟེ་མི་ལོ་༢༣ འཁོར་བའི་དྲན་གསོ་བྱས་ཡོད་པ་རེད།

དེ་ཡང་དམངས་གཙོ་དོན་གཉེར་ཅན་ཚོས་ཧོང་ཀོང་གི་ས་གནས་གཞུང་གི་ལས་ཁུངས་བར་ངོ་རྒོལ་གྱི་གོམ་བགྲོད་བྱས་ཡོད་པ་དང༌། སྐབས་དེར་ཕེ་རན་སི་གསར་འགོད་པས། ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཁག་ཅིག་ལ་བཀའ་འདྲི་ཞུས་པའི་སྐབས། རྒྱ་ནག་གཞུང་གི་བཀའ་བཀོད་ལ་ཉན་འཇོག་བྱེད་པ་དང་བློ་ཁ་ལྟ་མཁན་གྱི་ཧོང་ཀོང་གི་འོས་བསྡུའི་ཚོགས་ཆུང་དེ་ཡིས་བསྐོ་བཞག་བྱས་པའི་ཧོང་ཀོང་ས་གནས་གཞུང་གི་འགོ་ཁྲིད་ལིཨུང་ཁྲུན་ཡིང་ཧོང་ཀོང་གི་སྤྱི་ཁྱབ་པ་དྲོ་ནལདྲ་ཙང་ཕྱི་ཟླ་གཉིས་པའི་ནང་ལས་བསྒྱུར་འགྲོ་མཁན་ཡིན་པ་ཁོང་གི་ཚབ་ཏུ་བསྐོ་བཞག་བྱ་རྒྱུའི་བློ་འཚབ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་ཅིང༌། དེའི་ནང་ནས་མཐོ་རིམ་སློབ་གྲྭའི་སློབ་མ་ཞིག་གིས་། ང་ཚོ་ཧོང་ཀོང་གི་གནད་དོན་ཐོག་ལ་རྒྱ་ནག་གཞུང་གི་ཐེ་ཇུས་དང་བཀའ་བཀོད་བཏང་དགོས་དོན་མེད་ཅེས་དང༌། ཡང་ཧོང་ཀོང་གི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས། ཇི་སྲིད་རྒྱ་ནག་ནང་དུ་ཆབ་སྲིད་ཚོགས་པ་ཞིག་གིས་དབང་བསྒྱུར་བྱེད་པའི་གཞུང་གནས་པ་དེ་སྲིད་དུ་ང་ཚོས་ངོ་རྒོལ་མུ་མཐུད་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎