དགོས་ངེས་བྱུང་ཚེ་རྒྱ་ནག་དང་དམག་རྒྱག་རྒྱུའི་གྲ་སྒྲིག་ཨང་གསར་དགོས།


2017.09.07
རྒྱ་གར་གྱི་དམག་སྤྱི་(Bipin Rawat) རྒྱ་གར་གྱི་དམག་སྤྱི་(Bipin Rawat)
dunyanews.tv

རྒྱ་གར་གྱི་དམག་སྤྱི་(General Bipin Rawat)་ཡིས་ཁོང་གི་རྒྱལ་ཁབ་ཀྱི་ངོས་ནས་དམག་རྒྱག་གྲ་སྒྲིག་ཨང་གསར་དགོས་པ་དང་། རྒྱ་ནག་གིས་བཟོད་སྒོམ་ལ་ཚོད་ལྟ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག
དེ་ཡང་དམག་སྤྱི་(Bipin Rawat)་ཡིས་འདི་ཚེས་༦་ཉིན་ལྡི་ལིའི་ནང་གི་འཐབ་ཇུས་མཁས་པའི་འདུ་འཛོམས་ལྷན་ཚོགས་ཞིག་གི་སར། རྒྱ་གར་ཡིད་ཚིམས་བློ་ཁེངས་ནས་སྡོད་ཐབས་རྩ་བ་ནས་མེད་པ་དང་། དགོས་ངེས་བྱུང་ཚེ་རྒྱ་ནག་དང་དམག་རྒྱབ་རྒྱུའི་གྲ་སྒྲིག་ཨང་གསར་དགོས་ཀྱི་རེད་ཅེས་གསུངས་ཏེ། ང་ཚོའི་བྱང་ཕྱོགས་ཀྱི་དགྲ་བོར་ཆ་མཚོན་པ་ཡིན་ན་དེང་སང་ཤེད་ཤུགས་ངོམ་བཞིན་འདུག་ཅེས་དང་། རྒྱ་ནག་གིས་རིམ་བཞིན་ས་མཚམས་བརྒྱུད་རྒྱ་གར་གྱི་མངའ་ཁུལ་ནང་སིམ་འཛུལ་བྱེད་བཞིན་ཡོད་པ་དེར། ང་ཚོས་ཡིད་གཟབ་བྱེད་དགོས་ཡག་གི་གནད་དོན་ཞིག་ཡིན་པ་དང་། གློ་བུར་ཕྱོགས་གཉིས་དབར་འཁོན་འཁྲུག་ལངས་སྲིད་པའི་གནས་སྟངས་ལ་རྒྱ་གར་གྱིས་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཨང་གསར་དགོས་ཀྱི་རེད། རྒྱ་ནག་གིས་ང་ཚོའི་བཟོད་སྒོམ་ལ་ཚོད་ལྟ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་གནང་འདུག
ཡང་རྒྱ་གར་གི་དམག་སྤྱི་ Rawatཡིས། འཁོན་འཁྲུག་དེའི་རིགས་སྐབས་དང་དུས་ལ་ལྟས་ནས་གཞི་རྒྱ་ཆེ་ཆུང་ཇི་ཙམ་བྱེད་དགོས་མིན་རྒྱ་གར་གྱིས་ལྟ་གིན་བྱ་རྒྱུ་རེད་ཅེས་གསུངས་འདུག
རྒྱ་གར་དང་རྒྱ་ནག་གཉིས་དབར་སྔར་༡༩༦༢་ལོར་ཨ་རུ་ཎ་ཅལ་མངའ་སྡེའི་བདག་དབང་ཐོག་དམག་འཐབ་ཆེན་པོ་ཞིག་བྱུང་ཡོད་པ་རེད། དེ་བཞིན་ཉེ་བའི་ཆར་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀའི་བདག་ཐོབ་ཡོད་པ་བརྗོད་སའི་འབྲོག་ལམ་ས་གནས་ཐོག་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཔུང་དམག་དབར་འཁོན་འཁྲུག་བྱུང་རྗེས་ཟླ་བ་སྔོན་མའི་ནང་འབྲོག་ལམ་ས་ཁུལ་ནས་ཕྱོགས་གཉིས་ཀའི་དཔུང་དམག་ཕྱིར་འཐེན་བྱས་ཡོད་པ་རེད།
རྒྱ་གར་གྱི་དམག་སྤྱི་Rawat་ཡིས། རྒྱ་ནག་གི་མཐུན་ཕྱོགས་དང་རྒྱ་གར་གྱི་དགྲ་ཁ་གཏད་ལྟ་བུ་རྩིས་སའི་པ་ཀིསི་ཐན་གྱིས་རྒྱ་དཀར་ནག་གཉིས་དབར་གྱི་འཐབ་རྩོད་དེ་ནས་ཏན་ཏན་ཁེ་ཕན་ལེན་ཐབས་བྱེད་སྲིད་རྒྱུའི་ཚོད་དཔག་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎