རྒྱ་གར་གྱིས་ལྷ་སར་གཞུང་ཚབ་འཛུགས་རྒྱུའི་རེ་བ་བཏོན་པ།

རྒྱ་གར་གྱིས་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གར་གྱི་གཞུང་ཚབ་འཛུགས་རྒྱུའི་རེ་བ་བཏོན་ཡོད་པ་རེད་
2012-05-28
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་རྒྱ་གར་གྱི་མད་ར་སི་གྲོང་ཁྱེར་ནང་གཞུང་ཚབ་འཛུགས་རྒྱུའི་རེ་བ་བྱས་པར་རྒྱ་གར་གྱིས་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གར་གྱི་གཞུང་ཚབ་འཛུགས་རྒྱུའི་རེ་བ་བཏོན་ཡོད་པ་རེད་

དེའང་རྒྱ་གར་གྱི་བརྒྱུད་ལམ་ཐོག་ཟླ་༥་ཚེས་༢༨་ཉིན་གནས་ཚུལ་ཐོན་ཡག་ལ་རྒྱ་ནག་ཕྱོགས་ནས་དང་ཐོག་རྒྱ་གར་གྱི་མད་ར་སི་གྲོང་ཁྱེར་ནང་གཞུང་ཚབ་ལས་ཁང་འཛུགས་རྒྱུའི་རེ་བ་བྱས་པའི་རྗེས། རྒྱ་གར་གྱིས་ཀྱང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གྱི་གཞུང་ཚབ་་ལས་ཁང་འཛུཌ་རྒྱུའི་རེ་བ་བྱས་པ་ཡིན་རུང་དེར། རྒྱ་ནག་ཕྱོགས་ནས་ཡིད་མཐུན་ཡོད་པའི་རྣམ་པ་མ་བསྟན་པར་རྒྱ་ནག་གི་ས་ཆ་གཞན་དག་ལ་གཞུང་ཚབ་ལས་ཁང་འཛུཌ་སྐྱོང་བྱེད་འཐུས་བརྗོད་ཡོད་པ་རེད།  དེར་བརྟེན་རྒྱ་གར་ཕྱོགས་ནས་ལྷ་སར་འཛུཌ་གཉེར་གྱི་འབད་བརྩོན་དོར་མི་སྲིད་པས་སླད་དེའི་ཐད་ཀྱི་འབྲེལ་ཡོད་ལས་ཀར་སྐུལ་སྤེལ་བྱེད་རྒྱུའི་རྣམ་པ་བསྟན་ཡོད་པ་རེད། ཉེ་བའི་ཚུན་ནས་བོད་དུ་རང་ལུས་མེར་བསྲེག་གི་ངོ་རྒོལ་བསྟུད་མར་ཐོན་པར་བརྟེན། རྒྱ་ནག་ཕྱོགས་ནས་བོད་ལ་སྒོ་མོ་ཕྱེ་རྒྱུའི་གནད་དོན་ཐོག་དམིགས་བསལ་གྱིས་ཟབ་ནན་བྱེད་ཀྱི་ཡོད་པ་དབྱེ་ཞིབ་མཁན་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  གནས་ཚུལ་ལ་གསལ་བ་ལྟར་ན་རྒྱ་ནག་ཕྱོགས་ནས་རྒྱ་གར་དུ་ལྡི་ལིར་གཞུང་ཚབ་ཁང་འཛུགས་གཉེར་བྱས་ཡོད་པ་ཕུད། ད་དུང་རྒྱ་གར་གྱི་ནུས་རྒྱུད་དངུལ་རྩའི་ལྟེ་གནས་མོམ་བའེ་དང་། ཤར་ཕྱོགས་གྲོང་ཁྱེར་ཆེ་ཤོས་ཀོལ་ཀ་ཊ་ཁག་བགོས་ཐོག་ཁེ་སྐྱོང་ལས་ཚབ་ཁང་བཙུགས་ཡོད་པ་དང་། རྒྱ་གར་གྱིས་རྒྱ་ནག་པེ་ཅིན་དུ་གཞུང་ཚབ་ཁང་དང་། ད་དུང་ཧྲང་ཧད་དང་ ཀོང་ཀྲའོ་  ཧོང་ཀོང་བཅས་སུ་ཁེ་སྐྱོང་ལས་ཁང་འཛུཌ་གཉེར་བྱས་ཡོད་པ་རེད།  དེ་སྔ་ལྷ་སར་བཅའ་ཞུགས་རྒྱ་གར་གྱི་གཞུང་ཚབ་ལས་ཁང་དེ་སྤྱི་༡༩༦༢་ལོར་རྒྱ་གར་དང་རྒྱ་ནག་དམག་འཁྲུག་རྗེས་སྒོ་བརྒྱབ་པ་ཞིག་ཡིན་པ་རེད༎

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།