རྒྱ་གར་གྱི་སྲིད་འཛིན་མོའི་ཁར་ཇེ་མཆོག་རྒྱ་ནག་ལ་ཕེབས་རྒྱུ་ཡིན་པ།


2016.05.12
རྒྱ་གར་གྱི་སྲིད་འཛིན་Pranab Mukherjee་མཆོག། ༢༠༡༢ རྒྱ་གར་གྱི་སྲིད་འཛིན་Pranab Mukherjee་མཆོག། ༢༠༡༢
Pranab Mukherjee/Fb

རྒྱ་གར་གྱི་སྲིད་འཛིན་Pranab Mukherjee་མཆོག་ཕྱི་ཟླ་ལྔ་པའི་ཚེས་༢༤་ནས་འགོ་འཛུགས་ཀྱིས་རྒྱ་ནག་ནང་ཉིན་གྲངས་བཞིའི་གཞུང་དོན་ཕྱོགས་བསྐྱོད་དུ་ཕེབས་རྒྱུ་ཡིན་པ་རེད།
རྒྱ་ནག་དང་རྒྱ་གར་གཉིས་དབར་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་བའི་ཆེད་རྒྱ་གར་གྱི་སྲིད་འཛིན་Pranab Mukherjee་མཆོག་དང་པོ་རྒྱ་ནག་བཟོ་ལས་ཀྱི་གྲོང་ཁྱེར་གཙོ་བོ་ཀོང་ཀྲོའུ་དུ་ཕེབས་འབྱོར་གནང་རྒྱུ་ཡིན་ཞིང༌། གྲོང་ཁྱེར་དེ་རྒྱ་གར་གྱི་ཆོས་དང་རིག་གཞུང་ཚོང་འབྲེལ་གྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ནང་རྒྱ་གར་གྱི་མི་སེར་ལྔ་སྟོང་ཙམ་ཡོད་པ་མང་པོས་ཚོང་ལས་སྤེལ་གྱི་ཡོད་པ་དང་། ས་ཁུལ་དེའི་ནང་དུས་རབས་དྲུག་པར་རྒྱ་གར་ནས་ནང་ཆོས་དར་ཁྱབ་ཕྱིན་པའི་རྗེས་སུ་ས་གནས་ཀྱི་མི་མང་དང་རྒྱ་གར་གཉིས་དབར་འབྲེལ་ལམ་ཆེན་པོ་དར་སྤེལ་བྱུང་ཡོད་པ་རེད་འདུག།  
རྒྱ་གར་གྱི་སྲིད་འཛིན་མཆོག་གྲོང་ཁྱེར་དེ་གའི་ནང་དུ་ཕེབས་མ་ཐག་ཏུ་ས་གནས་སུ་ཡོད་པའི་རྒྱ་གར་གྱི་མི་སེར་རྣམས་ལ་གཏམ་བཤད་གནང་གི་ཡོད་འདུག། གྲོང་ཁྱེར་དེའི་ནང་དུ་སྲིད་འཛིན་མཆོག་རྒྱ་གར་དང་རྒྱ་ནག་གི་བཟོ་ལས་ཁང་གི་མཐུན་ཚོགས་གཉིས་ཀྱི་ལྷན་ཚོགས་སུ་ཕེབས་ནས་གསུང་བཤད་གནང་རྒྱུ་ཡིན་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་ནང་དུ་མཛད་རིམ་ཁག་གྲུབ་མཚམས་སུ་ཕྱི་ཚེས་༢༥་ཉིན་སྲིད་འཛིན་Pranab Mukherjee་མཆོག་རྒྱལ་ས་པེ་ཅིང་དུ་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཤི་ཅིང་ཕིང་མཆོག་དང་། སྲིད་བློན་ལེ་ཁེ་ཆའང་མཆོག མི་མང་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་སོགས་མཇལ་འཕྲད་གྲོས་མོལ་གྱི་མཛད་རིམ་ཐུགས་གཏན་འཁེལ་ཡོད་པ་རེད་འདུག།
ད་དུང་ཁོང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་པེ་ཅིང་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་རྣམས་ལ་གཏམ་བཤད་གནང་རྒྱུའི་མཛད་རིམ་ཡང་ཡོད་པ་རེད་འདུག།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎