རུམ་བཏེཊ་མ་གཏོཊ་གང་ལ་ཡང་ཕེབས་ཆོག་པའི་གྲོས་འཆར།


2017.05.24
ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག ༢༠༡༧།༥ ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག ༢༠༡༧།༥
Kagyuoffice

རྒྱལ་དབང་ཀརྨ་པ་མཆོག་གདན་ས་རུམ་བཏེགས་ཕུད་གཞན་གང་དུ་ཡང་ཕེབས་ཆོག་པ་རྒྱ་གར་ནང་སྲིད་ལྷན་ཁང་གིས་གྲོས་འཆར་བཏོན་འདུག
དེ་ཡང་སྤྱི་ཟླ་༥པའི་ཚེས་༢༤ཉིན་རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་སུ་གནས་པའི་གདན་ས་རུམ་བཏེག་ཕུད་པའི་གཞན་ས་ཁུལ་གང་དུ་ཡང་རྒྱ་གར་དབུས་ལྡི་ལི་གཞུང་ལ་ཆོག་མཆན་ཞུ་མི་དགོས་པར་རང་དབང་གིས་ཕེབས་ཆོག་རྒྱུའི་སྐོར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་རྒྱ་གར་དབུས་གཞུང་གི་ཆེ་མཐོའི་བདེ་འཇགས་ལྷན་ཚོགས་ལ་གྲོས་འཆར་ཕུལ་ཚར་ཡོད་པ་རེད་འདུག
རྒྱ་གར་དབུས་གཞུང་གི་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་དེའི་ནང་རྒྱ་གར་གྱི་སྲིད་བློན་མོ་ཏིས་གཙོ་བོ་གྱུར་པའི་རྒྱ་གར་ནང་སྲིད་བློན་ཆེན་དང་ཕྱི་སྲིད་བློན་ཆེན་བདེ་སྲུང་བློན་ཆེན་དང་དཔལ་འབྱོལ་བློན་ཆེན་སོགས་ཚུད་ཡོད་པའི་རྒྱལ་ཁབ་གྱི་བདེ་འཇགས་གྱི་གནད་དོན་ཐོག་ཐག་གཅོད་མཁན་གྱི་ཆེས་མཐོའི་ཚོགས་ཆུང་ཞིག་ཡིན་པ་རེད་འདུག
ཡང་རྒྱ་གར་གྱི་གསར་ཁང་ཧིན་རྡུ་གཙོས་པའི་གསར་ཁང་གཞན་འགའ་ཞིག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བ་ཞིག་དང་། སྤྱི་ལོ་༢༠༠༠ལོར་དགུང་ལོ་༡༤ཐོག་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ཡོད་པ་དང་། དུས་དེ་ནས་བཟུང་རྒྱ་གར་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་དོགས་པ་བྱས་ནས་ད་བར་དུ་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ནང་དུ་ཕར་ཚུར་ཕེབས་རྒྱུའི་ཐོག་དམ་དྲག་དང་། རྒྱ་གར་གྱི་ནང་སྲིད་ལྷན་ཁང་ལ་སྔོན་ནས་བཀའ་འཁྲོལ་ཞུ་དགོས་ཀྱི་ཡོད་འདུག
ད་སྐབས་རྒྱ་གར་གྱི་སྲིད་བློན་མོ་རྡིས་གཞུང་གི་སྐབས་གནས་སྟངས་དེའི་ཐད་ཅུང་གུ་ཡངས་སུ་སོང་ཡོད་པ་དང་། ལོ་སྔོན་མ་རྒྱ་གར་གྱི་ས་མཚམས་མངའ་སྡེ་ཨ་རུ་ན་ཅལ་དུ་ཡང་ཕེབས་སུ་བཅུག་ཡོད་པ་རེད། འོན་ཀྱང་རྒྱ་གར་འབྲས་ལྗོངས་མངའ་སྡེ་ཁོངས་གྱི་གདན་ས་རུམ་བཏེགས་དགོན་དུ་སྤྱི་ལོ་༡༩༩༤ལོར་ནས་བཟུང་ཀརྨ་པས་ཡང་སྲིད་སྐོར་དང་འབྲེལ་བའི་གནད་དོན་ལྷག་པ་ནས་བཟུང་ས་ཁུལ་དེར་ཀརྨ་པ་མཆོག་ད་དུང་ཡང་ཕེབས་ཐུབ་མེད་པ་རེད།
གོང་ཞུས་ནང་སྲིད་ལྷན་ཁང་གི་གྲོས་འཆར་ལ་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་ཀྱི་མོས་མཐུན་བྱུང་ཚེ། ཀརྨ་པ་མཆོག་གདན་ས་རུམ་བཏེག་མ་གཏོགས་གཞན་རྒྱ་གར་གྱི་ས་གནས་གང་དུ་ཕེབས་པར་སྔོན་ལྟར་ཆོག་མཆན་ཞུ་མི་དགོས་པར་རང་དབང་གིས་ཕེབས་ཆོག་པ་རེད་ཅེས་ནང་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་བརྗོད་པ་ལུང་འདྲེན་བྱས་འདུག
གནས་ཚུལ་དེ་ནི་ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནལ་ཅལ་ཁུལ་དུ་ཆིབས་བསྒྱུར་སྐབས། རྒྱ་ནག་གིས་རྒྱ་གར་གཞུང་ལ་ཐེངས་མང་ཉེན་བརྡ་གཏང་མིན་ལ་མ་ལྟོས་བར་ད་ཆ་རྒྱ་གར་གཞུང་གིས་རྒྱལ་དབང་ཀརྨ་པ་མཆོག་ལ་རང་དབང་གི་འགྲུལ་བསྐྱོད་གུ་ཡངས་བྱས་བ་ནི་གནད་འགག་ཆེན་པོ་ཞིག་རེད་ཅེས་གོང་ཞུས་གསར་ལས་ཁང་དེས་གནས་ཚུལ་སྤེལ་འདུག
དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཟླ་འདིའི་ཚེས་༡༨་ཉིན་ནས་བཟུང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཆིབས་བསྒྱུར་ཐོག་མ་དེ་བསྐྱངས་འགོ་ཚུགས་པ་དང་། སྤྱི་ཟླ་༥པའི་ཟླ་མཇུག་བར་དབྱིན་ཡུལ་དུ་མཛད་འཕྲིན་མུ་མཐུད་སྐྱོང་རྒྱུ་དང་དེ་རྗེས་ཁེ་ཎ་ཊའི་ནང་ཐེངས་དང་པོར་ཆིབས་བསྒྱུར་གནང་རྒྱུ་རེད་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎