རྒྱ་གར་དང་ཨ་རིའི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཡུལ་གཉིས་དབར་ཞི་བའི་རྡུལ་ཕྲན་ནུས་ཤུགས་ཉོ་ཚོང་བྱ་རྒྱུའི་མཐུན་གྲོས་ལ་ས་རྟགས་བཀོད་འདུག
༄༅༎རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པཱར་ནབ་མུ་ཁར་ཇི་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀོན་ཌོ་ལི་ཛ་རའེ་སེ་རྣམ་གཉིས་ཀྱིས་ཡུལ་གཉིས་དབར་ཞི་བའི་རྡུལ་ཕྲན་ནུས་ཤུགས་ཉོ་ཚོང་བྱ་རྒྱུའི་མཐུན་གྲོས་ལ་ས་རྟགས་བཀོད་ཡོད་པ་རེད་
ཕྱི་ལོ་༡༩༧༤ལོར་རྒྱ་གར་གྱིས་རྡུལ་ཕྲན་ནུས་ཤུགས་ཚོད་བལྟ་གནང་བ་ནས་བཟུང་ད་བར་ཕྱིའི་རྒྱལ་ཁབ་དང་རྡུལ་ཕྲན་ཚོང་འབྲེལ་མེད་པར་ཁྱེར་རྐྱང་དུ་གནས་དགོས་བྱུང་ཡོད་ཀྱང་ད་ཆ་རྒྱ་གར་གྱི་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་གྱི་ནུས་ཤུགས་དགོས་མཁོ་སྒྲུབ་ཆེད་རྒྱ་གར་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་ལས་ཁང་ཉི་ཤུ་སྐོར་གསར་རྒྱག་བྱ་འཆར་ཡོད་ཅིང་ཨ་སྒོར་ཐེར་འབུམ་ཉི་ཤུ་རྩ་བདུན་ཙམ་མ་གནས་ཀྱི་ཚོང་འཐབ་ལ་ཨ་རི་དང་ཨུ་རུ་སུ།ཕེ་རན་སི་སོགས་ཀྱིས་གང་འཐོབ་ཀྱི་འབད་བརྩོན་བྱེད་ངེས་ཡིན་པ་རེད་ ད་ལམ་གྱི་ཆིངས་དོན་འདི་ཐོག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་རྒྱ་གར་གཉིས་དབར་འབྲེལ་ལམ་གོང་འཕེལ་འགྲོ་བའི་ཡིད་ཆེས་ཡོད་ལུགས་ཨ་རིའི་སྲིད་འཛིན་ཇོཇེ་ཌབ་ལུ་སྦུ་ཤི་མཆོག་གིས་གསུངས་གནང་འདུག ཨ་རི་དང་རྒྱ་གར་གཉིས་དབར་ཆིངས་དོན་འདི་འཇོག་རྒྱུར་རྒྱ་གར་ནང་ཕྱི་ནང་གཉིས་ནས་ཀ་ཀོར་མང་དག་བྱུང་བར་བརྟེན་དུས་འགྱངས་སུ་ཕྱིན་ཡོད་ཀྱང་ད་ཆ་ལེགས་གྲུབ་ཡོད་པ་རེད་
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
བུད་མེད་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ།
རྒྱ་གར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།
པ་ཀི་སི་ཐན་མི་དམངས་ཚོས་ཞི་བདེའི་ཆེད་གོམ་བགྲོས་གནང་བ།
རྒྱ་གར་སྲིད་བློན་ནས་དཔལ་འབྱོར་གྱི་ཐུགས་འགན་མཉམ་བཞེས།
བོད་རིགས་སློབ་ཕྲུག་ཚོས་དུས་སྟོན་མཛད་སྒོ་གོ་སྒྲིག་ཞུས་པ།
བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ལྷན་ཚོགས།
མུམ་སྦའེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོས་ཐུབ་པ་།