རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་༧གོང་ས་མཆོག་མཇལ་འཕྲད་ཞུས་པ།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་པ་རེད།
2012-06-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཕྱི་ཟླ་དྲུག་པའི་ཚེས་༧རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རན་ཇན་མ་ཐའེ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་པ་རེད།

དེ་རིང་ཕྱི་ཚེས་༨ ཉིན་སྐུ་སྒེར་དྲུག་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཕ་ཡུལ་དྲ་རྒྱའི་གསར་འགོད་པར།  ད་རེས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་༧གོང་ས་མཆོག་མཇལ་འཕྲད་ཞུས་པ་དེ་ནི། རྒྱུན་ལྡན་གྱི་གུས་བརྩི་མཚོན་པའི་མཇལ་འཕྲད་ཞིག་ཡིན་པ་དང༌། དབུ་ཁྲིད་རྣམ་གཉིས་ཀྱི་གནད་དོན་རིམ་པ་ཁག་ཅིག་ཐོག་བཀའ་བསྡུར་གནང་ཡོད་པའི་འགྲེལ་བརྗོད་གནང་ཡོད་ལུགས་ཕ་ཡུལ་དྲ་རྒྱའི་ཐོག་ལུང་འདྲེན་བྱས་ཡོད་པ་རེད། སྐུ་ཞབས་རན་ཇན་མ་ཐའེ་མཆོག་ན་ནིང་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་བ་ཞིག་ཡིན་ཞིང༌། རེས་གཟའ་ཕུར་བུའི་ཉིན་གུང་རྒྱབ་ཏུ་བཞུགས་སྒར་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་དུ་ཕེབས་ཏེ། དབུ་ཁྲིད་རྣམ་གཉིས་མཇལ་འཛོམས་དེའི་ཐོག་གསར་འགོད་པ་སོགས་ཕྱི་མི་སུ་གཅིག་མེད་པར་དུས་ཡུན་ཚོུད་གཅིག་ལྷག་རིང་བཀའ་བསྡུར་གནང་ཡོད་པ་རེད། འོན་ཀྱང་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས། ད་རེས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་༧གོང་ས་མཆོག་མཇལ་འཕྲད་ཞུས་པ་དེ་ནི་དམིགས་བསལ་གྱི་གྲོས་མོལ་གནད་དོན་གང་ཡང་མེད་ཅིང༌། དེ་ནི་འདས་པའི་དུས་ཚོད་ནང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རྣམས་ཀྱིས་༧གོང་ས་མཆོག་མཇལ་འཕྲད་དུ་ཕེབས་ཡོད་པ་བཞིན་འཆར་ཅན་གྱི་མཇལ་འཛོམས་ཤིག་ཡིན་པ་དང༌། ང་རང་ལོ་དྲུག་བདུན་རིང་སྐུ་སྒེར་དུ་ཞབས་རྗེ་ཞུས་པའི་རིང་ལ། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རིམ་པ་ཚོས་༧གོང་ས་མཆོག་རྒྱ་གར་གྱི་གནད་ཡོད་སྐུ་མགྲོན་ཡིན་པའི་ངོ་བོའི་ཐོག་ནས་གུས་བརྩི་མཚོན་པའི་མཇལ་འཕྲད་ཞུ་བར་ཕེབས་པ་མཐོང་མྱོང་ཡོད་པ་དང༌། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རན་ཇན་མ་ཐའེ་མཆོག་གིས་ན་ནིང་ཕྱི་སྲིད་དྲུང་ཆེའི་མཛད་འཁུར་བཞེས་མ་ཐག་༧གོང་ས་མཆོག་མཇལ་འཕྲད་ཞུ་བར་ཕེབས་རྒྱུའི་འཆར་གཞི་ཡོད་ཀྱང་ཕྱག་ལས་མཛད་བྲེལ་གྱིས་རྐྱེན་པས་རེས་གཟའ་ཕུར་བུའི་ཉིན་གནང་བ་ཞིག་ཡིན་པའི་སྐོར་དང༌། ད་ལྟའི་ཕྱི་སྲིད་དྲུང་ཆེ་ཁོང་གི་སྔོན་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་དང་ཤིལྦ་ཤང་ཀར་མེ་ནེན་རྣམ་གཉིས་ནས་ཀྱང་༧གོང་ས་མཆོག་མཇལ་འཕྲད་ཞུས་མྱོང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།