རྒྱ་གར་ཉེན་རྟོག་པས་རྒྱལ་བ་ཀརྨ་པ་མཆོག་ལ་ཉེས་བཙུགས།

ཀརྨ་པ་རིན་པོ་ཆེ་དང་སྐུ་འཁོར་འགའ་ཤས་ཐོག་ས་གནས་ཉེན་རྟོག་ནས་དངུལ་གྱི་རྙོག་དྲའི་ཐོག་ཁྲིམས་ཁང་ནང་ཉེས་བཙུགས་ཀྱི་ཞུ་གཏུགས།

2011.12.08

༄༅༎རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་སྐུ་འཁོར་འགའ་ཤས་ཐོག་ས་གནས་ཉེན་རྟོག་ལས་ཁུངས་ནས་དངུལ་གྱི་རྙོག་དྲའི་ཐོག་ཁྲིམས་ཁང་ནང་ཉེས་བཙུགས་ཀྱི་ཞུ་གཏུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྡ་རམ་ས་ལའི་ཉེན་རྟོག་སྤྱི་ཁྱབ་པ་སུ་མེ་ཌི་རྡི་ལྦེ་ཌི་ནས་ཨེ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་པར་ལྟར་ན། རེས་གཟའ་ལྷག་པའི་ཉིན་ས་གནས་ཁྲིམས་ཁང་དུ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཁོང་གི་ཕྱག་འབྲེལ་མི་གསུམ་ཐོག་ཉེས་བཙུགས་ཀྱི་ཞུ་སྙན་ཕུལ་ཡོད་པ་དང་། རིམ་པས་ཉེན་རྟོག་ལས་ཁུངས་ནས་ཁུངས་སྐྱེལ་ར་འཕྲོད་ཕུལ་བའི་གནས་ཚུལ་ལ་གཞི་བཞག་པའི་ཐོག་ནས་ཀརྨ་པ་མཆོག་གི་ཐོག་ཁྲིམས་ཁང་ནང་གཏུགས་བཤེེར་བྱེད་དགོས་མིན་རྟོག་ཞིབ་བྱེད་ཀྱི་རེད་ཅེས་གསུངས་འདུག ཉེན་རྟོག་སྤྱི་ཁྱབ་པས་གནས་ཚུལ་དེ་ནི་ལོ་འདིའི་ཕྱི་ཟླ་དང་པོའི་ནང་། རྒྱུད་སྟོད་དགོན་པའི་ནང་གློ་བུར་བསྔོགས་བཤེར་བྱས་པ་བརྒྱུད་རྒྱལ་བ་ཀརྨ་པ་མཆོག་གི་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་དང་། ལྷག་པར་དུ་རྒྱ་མིའི་དངུལ་ཕོན་ཆེ་ཞིག་ཐོན་པའི་རྐྱེན་ཉེན་རྟོག་ལས་ཁུངས་ནས་ཞིབ་བཤེར་བྱས་པའི་གནས་ཚུལ་ནས་བྱུང་བ་ཞིག་ཡིན་ལུགས་གསུངས་འདུག འོན་ཀྱང་གསར་འགྱུར་ལས་ཁང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་སུ་གནད་དོན་འདིའི་སྐོར་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། གནས་ཚུལ་འདི་བཞིན་ཆེད་མངགས་རྒྱ་གར་གཞུང་གི་ཁྲིམས་དང་འགལ་བ་ཞིག་མ་ཡིན་པར་ལས་བྱེད་འགའ་ཤས་ནས་ལུགས་མཐུན་གྱི་འགྲོ་སྟངས་མ་ཤེས་པའི་ཐོག་ནས་བྱུང་བ་ཞིག་ཡིན་ལུགས་གསུངས་པ་དང་། ཆབས་ཅིག་གནས་ཚུལ་ངོ་མ་ག་རེ་ཆགས་ཀྱི་ཡོད་མེད་ཁྲིམས་ཐོག་ནས་ཐག་ཆོད་གནང་གི་རེད་ཅེས་བཀའ་ལན་གནང་འདུག ཉེན་རྟོག་སྤྱི་ཁྱབ་པས་གནས་ཚུལ་འདིའི་སྐོར་དབུས་གཞུང་ལའང་ཞུས་ཟིན་ཡོད་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎