བོད་ནང་ཕ་སྐད་ཉིན་མོ་སྲུང་བརྩི།

2013-02-22
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་ནང་ཕ་སྐད་ཉིན་མོ་སྲུང་བརྩི།
བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་ལས་རིམ་དང་སྦྱར་ཡིག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།

༄༅།    །དེ་ཡང་ང་ཚོ་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན་གཞིགས་ན།  ལོ་ལྟར་ཕྱི་ཟླ་༢ཚེས་༢༡ཉིན་ནི།    རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་སྲུང་བརྩི་ཞུས་ཀྱི་ཡོད་པ་ལྟར།    ཁ་སང་ཕྱི་ཚེས་༢༡་ཉིན་བོད་ནང་གི་ས་ཁུལ་མང་པོ་ཞིག་ནས་བོད་མི་ཚོས་རང་ཐད་ཀྱི་བྱེད་སྒོ་འདྲ་མིན་སྤེལ་ནས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་ཡུལ་ལུང་སོ་སོའི་སྐད་ཡིག་ཉིན་མོ་དེ་སྲུང་བརྩི་ཞུས་འདུག    མདོ་སྨད་ཀན་ལྷོ་རྨ་ཆུ་དང་ཀླུ་ཆུ་སོགས་ཀྱི་ས་གནས་གང་སར་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་འབྲེལ་བའི་འབོད་ཚིག་འདྲ་མིན་འཁོད་པའི་སྦྱར་ཡིག་མང་པོ་སྦྱར་ཡོད་པའི་ནང་། བོད་ཕ་སྐད་གཙང་མ་ཁྲི་ལོར་ཤོག་ཅེས་དང་། ཕ་སྐད་དམ་སྲུང་། བསྲེས་སྐད་གཏན་འདོར་ཞེས་བ་སོགས་འཁོད་ཡོད་པ་རེད། དེ་བཞིན་ཨ་མདོ་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་རྫ་ཡུལ་འབྲོག་སྡེ་ཕྱོགས་སུ་ས་གནས་དེའི་བོད་མི་དོ་སྣང་ཅན་ཁག་ཅིག་མཉམ་དུ་ཡོད་པའི་སྐད་ཡིག་རྒྱུན་འཛིན་ཚོགས་པས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་མདུན་བོད་མི་གང་མང་འཛོམས་པའི་སར་འཛམ་གླིང་ཕ་སྐད་སྲུང་སྐྱོབ་དུས་ཆེན་ལ་སྙན་ངག་གྱེར་འདོན་བྱེད་པ་སོགས་གནང་འདུག །

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།