པེ་ཅིན་དུ་ཚོགས་རྒྱུའི་ཧྲང་ཧད་མཐུན་ཕྱོགས་ཡུལ་གྲུའི་ལྷན་ཚོགས།

ཨི་རན་གྱི་སྲིད་འཛིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་རྒྱུའི་ཧྲང་ཧད་མཐུན་ཕྱོགས་ཡུལ་གྲུའི་ལྷན་ཚོགས་ཐོག་མཉམ་ཞུགས་ཀྱི་འཆར་གཞི།
2012-05-23
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཨི་རན་གྱི་སྲིད་འཛིན་ཨེ་མ་རྡི་ནེ་ཇརྡ་འཆར་ཟླའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་རྒྱུའི་ཧྲང་ཧད་མཐུན་ཕྱོགས་ཡུལ་གྲུའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུའི་ཆེད་རྒྱ་ནག་དུ་ཕེབས་འཆར་ཡོད་འདུག

དེང་སྐབས་རྒྱལ་སྤྱིའི་ཡུལ་ཁག་དབར་ཨི་རན་གྱིས་རྡུལ་ཕྲན་གྱི་གོ་མཚོན་བཟོ་སྐྲུན་བྱ་སྲིད་པའི་རྩོད་གླེང་ཤུགས་ཆེ་ཡོད་བཞིན་པའི་དུས་དེར་  ཨི་རང་གི་སྲིད་འཛིན་ཨེ་མ་རྡི་ནེ་ཇའརྡ་རྒྱ་ནག་གཞུང་གིས་གདན་ཞུ་བྱས་ནས་ ཧྲང་ཧད་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ལྷན་ཚོགས་ཐོག་ལྟ་ཞིབ་པའི་མིང་ཐོག་ནས་མཉམ་ཞུགས་བྱ་རྒྱུ་ཡིན་པ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག ད་ལོ་ཕྱི་ཟླ་དྲུག་པའི་ཚེས་དྲུག་ནས་བདུན་བར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་རྒྱུའི་ཧྲང་ཧད་མཐུན་ཕྱོགས་ཡུལ་གྲུའི་ལྷན་ཚོགས་ཐོག་རྒྱ་ནག་དང་ ར་ཤི་ཡ་  ཁ་ཛག་ཁི་སི་ཐན་ ཀར་ཀི་སི་ཐན་ ད་ཆ་ཁ་སི་ཐན་ ཨུ་ཛ་བས་ཁ་སི་ཐན་བཅས་ཡུལ་གྲུ་དྲུག་གི་ཆེས་མཐོའི་དཔོན་རིགས་ཝུའུ་ཇིང་ཐའོ་དང་ ར་ཤི་ཡའི་སྲིད་འཛིན་ཕུ་ཕྲིན་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་ དེ་དང་འབྲེལ་ཨི་རང་གིས་རྡུལ་ཕྲན་གྱི་ཉིང་ཁུ་བཏོན་རྒྱུ་མཚམས་འཇོག་ཡོངས་ཐབས་སུ་ ཨ་རི་དང་ ར་ཤི་ཡ་ རྒྱ་ནག  དབྱིན་ཇི་ ཕེ་རན་སི་ བྱར་མ་ནི་བཅས་ཡུལ་གྲུ་དྲུག་གི་དབར་ཨི་རང་གི་རྡུལ་ཕྲན་ཉིང་ཁུ་བསྔོག་འདོན་མཚམས་འཇོག་གི་ལས་དོན་ཐོག་ཨི་རག་གི་རྒྱལ་ས་བེག་དའི་ནང་གྲོས་མོལ་གནང་ནས་གནད་དོན་དེའི་ཐོག་ཡུལ་གྲུ་དྲུག་གི་དབར་གྲོས་མཐུན་ཡོང་ཐབས་གནང་བཞིན་པ་དང་ ཨི་རང་གི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་མཚམས་འཇོག་གནད་དོན་ཐོག་གྲོས་མོལ་གྱི་སྐུ་ཚབ་ས་ཨིརྡ་ཇ་ལི་ལི་ནས་ད་རེས་ཀྱི་གྲོས་མོལ་ལྷན་ཚོགས་དེ་བརྒྱུད་ནས་ཕྱོགས་ཕན་ཚུན་དབར་གྱི་འབྲེལ་ལམ་དེ་བཞིན་དུས་རབས་གསར་པ་ཞིག་ཏུ་་སླེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལུགས་ཨི་རང་གི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོདཔ་རེད་  ནུབ་ཕྱོགས་ཡུལ་གྲུ་ཚོས་ཨི་རང་གིས་རྡུལ་ཕྲན་གྱི་ཉིང་ཁུ་བཏོན་ནས་ དེས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་དོགས་གཞི་བྱས་ཏེ་  རྒྱལ་སྤྱིའི་རྡུལ་ཕྲན་གོ་མཚོན་བཀག་སྡོམ་ལས་ཁང་གིས་སྐུ་ཚབ་ཨི་རང་གི་རྡུལ་ཕྲན་ཉིང་ཁུ་བཏོན་སའི་དམག་དོན་ལྟེ་གནས་སུ་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུའི་དགོས་འདུན་བཏོན་གྱི་ཡོད་ཀྱང་ཨི་རང་གཞུང་གིས་དེར་ཁས་ལེན་བྱེད་ཀྱི་མེད་པ་དང་ ད་རེས་ཀྱི་ལྷན་ཚོགས་བརྒྱུད་གནད་དོན་དེའི་ཐོག་ཐག་གཅོད་གསར་པ་ཞིག་ཡོང་རྒྱུར་ནུབ་ཕྱོགས་ཡུལ་ཁག་ཚོས་རེ་བ་གནང་བཞིན་ཡོད་པ་རེད་

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།