(IS)ཞེས་བའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་གཉིས་བསད་འདུག

2017-06-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ISIS་འཇིགས་སྐུལ་དྲག་སྤྱོད་པ།
ISIS་འཇིགས་སྐུལ་དྲག་སྤྱོད་པ།
དྲ་བཤུས།ISIS militants

(IS)འམ་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་གཉིས་དམར་གསོད་བྱས་ལུགས་བསྒྲགས་པར་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་མགོ་བོ་སྒུར་མི་སྲིད་ཅེས་བརྗོད་འདུག
དེ་ཡང་སྤྱི་ཟླ ༦ ཚེས ༨ ཉིན། (IS)འམ་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་པཱ་ཀི་སི་ཐན་ལྷོ་ཕྱོགས་ཀྱི་མངའ་སྡེ Baluchistan དུ་བཙན་ཁྲིད་བྱས་པའི་རྒྱ་རིགས་དགེ་རྒན་ཕོ་མོ་གཉིས་དམར་གསོད་བྱས་ལུགས་བསྒྲགས་ཡོད་པ་རེད། ད་ལོའི་སྤྱི་ཟླ ༥ ཚེས ༢༤ ཉིན། ISའམ་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་པཱ་ཀི་སི་ཐན་ལྷོ་ཕྱོགས་ཀྱི་མངའ་སྡེ Baluchistan ནས་རྒྱ་རིགས་དེ་གཉིས་བཙན་ཁྲིད་བྱས་པ་རེད། ཁོང་གཉིས་བཙན་ཁྲིད་བྱེད་དོན་ནི་པཱ་ཀི་སི་ཐན་གཞུང་གིས་རྒྱ་ནག་གི་ལས་བཟོ་བའི་བདེ་འཇགས་ལ་སྲུང་སྐྱོབ་ནན་མོ་བྱས་པར་རྡུང་རྡེག་གི་ཆེད་དུ་ཡིན་ཞིང་། སྐབས་དེར་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱི་དྲག་ཆ་མི་སྣས་པཱ་ཀི་སི་ཐན་གྱི་ཉེན་རྟོག་པར་
བརྫུས་ནས་ས་ཁུལ་དེའི་སློབ་གྲྭ་ཞིག་ན་རྒྱ་ཡིག་རྒྱ་སྐད་སློབ་ཁྲོད་བྱེད་མཁན་རྒྱ་རིགས་ཕོ་མོ་དེ་གཉིས་བཙན་ཁྲིད་བྱས་རྗེས་བསད་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡིན་གྱིས་ཚེས ༩ ཉིན་གྱི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། རྒྱ་ནག་གཞུང་གིས་དོན་རྐྱེན་དེར་དོ་སྣང་ནན་མོ་བྱེད་ཀྱིན་ཡོད་ཅེས་དང་། ང་ཚོས་པཱ་ཀི་སི་ཐན་གཞུང་ཐེ་བའི་བརྒྱུད་ལམ་སྣ་ཚོགས་བརྒྱུད་ནས་གནས་ཚུལ་དེའི་བདེན་རྫུན་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་ཅེས་བརྗོད་པ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་རྣམ་པ་གང་རུང་གི་མང་ཚོགས་དཀྱུས་མ་བཙན་ཁྲིད་དང་། འཇིགས་སྐུལ་རིང་ལུགས། ཐལ་ཆེའི་དྲག་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག
ཐེངས་འདི་ནི ISའམ་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་མི་སེར་གཏའ་མར་བཟུང་བའི་དོན་རྐྱེན་གཉིས་པ་དེ་ཡིན་ཞིང་། དེ་སྔོན་༢༠༡༥ལོའི་ཟླ ༡༡ པའི་ཚེས༡༩འི་ཉིན་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་མི་སེར་རུས་མིང་ལ་ཕན་ཅིང་ཧྭོས་ཟེར་བ་དམར་གསོད་བཏང་བ་རེད།
ISའམ་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་ཨ་ཧྥི་གྷ་ནེ་ས་ཐིན་གྱི་ས་ཁུལ་ཁག་ཅིག་ལ་དབང་བསྒྱུར་བྱས་ཡོད་པ་དང་། སྒྲིག་འཛུགས་དེས་པཱ་ཀི་སི་ཐན་རྒྱལ་ཁབ་ནང་སྟོབས་ཤུགས་རྒྱ་བསྐྱེད་གཏོང་ཐབས་བྱེད་བཞིན་ཡོད་པ་དབྱེ་ཞིབ་པས་བརྗོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།