ཤར་ཨེ་ཤེ་ཡའི་མཐུན་སྦྲེལ་སྒྲིག་འཛུགས་ཆེད་ཤུགས་གནོན།

2009-10-24

ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་ཤར་ཨེ་ཤེ་ཡའི་ལྷན་ཚོགས་ཤིག་གསར་འཛུགས་གནང་རྒྱུའི་འཆར་གཞི་ཞིག་བསྟོན་གནང་བ།

༄༅༎དེ་རིང་ཉི་ཧོང་གི་སྲིད་བློན་གསར་པ་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཆེས་མཐོའི་ལྷན་འཛོམས་ཐོག་ཤར་ཨེ་ཤེ་ཡའི་ལྷན་ཚོགས་ཤིག་གསར་འཛུགས་གནང་རྒྱུའི་འཆར་གཞི་ཞིག་བསྟོན་གནང་སྟེ་མ་འོངས་པར་ཤར་ཨེ་ཤེ་ཡས་འཛམ་གླིང་སྣེ་འཁྲིད་བྱ་རྒྱུའི་དམིགས་ཡུལ་འཛིན་དགོས་པའི་སྐོར་གསུངས་བཞག

ཉི་ཧོང་གི་སྲིད་བློན་མཆོག་གིས་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལྟ་བུའི་ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་དང་རྒྱ་ནག་ ལྷོ་ཀོ་རི་ཡ་དེ་བཞིན་རྒྱ་གར་དང་ཨོ་སི་ཀྲེ་རི་ལི་ཡ་དང་ནིའུ་ཛི་ལེན་ཌི་ལ་སོགས་པའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་བཅུའི་མཉམ་མཐུན་སྒྲིག་འཛུགས་ཤིག་གསར་འཛུགས་གནང་རྒྱུའི་ཐུགས་འདོད་དང་དམིགས་ཡུལ་འཛིན་གནང་གི་ཡོད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org