བླ་བྲང་འཇིགས་མེད་རྒྱ་མཚོ་ལ་མི་ལོ་ལྔའི་ཁྲིམས་ཐག་བཅད་འདུག


2014.09.08
དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་གྱི་ཉེ་པར། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་གྱི་ཉེ་པར།
བོད་འབྱོར།

འཇིཊ་མེད་རྒྱ་མཚོ་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་འཛུགས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་བོད་ནས་འདི་གར་གནས་ཆུལ་འབྱོར་བར་གཞིགས་ན། དེ་སྔ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་མཛད་འགན་བཞེས་མྱོང་མཁན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༡ལོའི་ཟླ་༨་པའི་ནང་འཛིན་བཟུང་གིས། ད་བར་གསང་བའི་ངང་བཀག་ཉར་བྱས་རྗེས། ཟླ་བ་འདིའི་ཚེས་ ༥ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་གིས་ཁོང་ལ་བཙུགས་པའི་གྱོད་གཞིའི་ཐོག་ཁྲིམས་བཤེར་ཐེངས་གཉིས་པ་བྱས་པའི་སྐབས། སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བཤམས་ཡོད་པའི་ཉེས་འཛུགས་བྱས་ཏེ། མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་དང་། ཁྲིམས་བཅད་གསལ་བསྒྲགས་བྱས་པའི་རྗེས། འཇིགས་མེད་རྒྱ་མཚོ་ལགས་བཙོན་ཁང་གང་དུ་བཙོན་བཅུག་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཞེས་བོད་ནས་གནས་ཚུལ་མཁོ་གཏོང་གནང་བྱུང་།      
དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨ་མྲ་ཝ་ཏི་ལ་ཆེད་ཕེབས་ཀྱིས་༧གོང་ས་མཆོག་གིས་བསྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དོགས་གཞི་འོག་ད་བར་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་དང༌། མཐའ་མ་ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ནང་བཀག་ཉར་བྱས་རྗེས་༢༠༡༢ ལོར་དངོས་སུ་འཛིན་བཟུང་བྱས་སྐོར་ནང་མིར་བརྡ་ཐོ་བཏང་ཡོད། རྗེས་སུ་བོད་ནང་གི་ཞི་རྒོལ་སྐབས་ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་དེ་གསལ་བཤད་བྱས་ཡོད།

གསར་འགོད་པ་སྒྲོལ་དཀར་དང་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎