མུ་ར་སྤྱིན་པ་ལགས་མི་ལོ་གསུམ་གྱི་རྗེས་བཙོན་གྲོལ་བྱུང་བ།


2015.12.03
མུར་སྦྱིན་ནམ་མུ་ར་སྤྱིན་པ་ལགས་བཙོན་གྲོལ་བྱུང་སྐབས་དང་དེ་སྔ་བཙོན་ཁང་དུ་ཡོད་སྐབས་ཀྱི་པར། ༢༠༡༥།༡༢།༣ མུར་སྦྱིན་ནམ་མུ་ར་སྤྱིན་པ་ལགས་བཙོན་གྲོལ་བྱུང་སྐབས་དང་དེ་སྔ་བཙོན་ཁང་དུ་ཡོད་སྐབས་ཀྱི་པར། ༢༠༡༥།༡༢།༣
བོད་འབྱོར།

བོད་ནས་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་ནག་གིས་ཆབ་སྲིད་ཉེས་བཙུགས་ཀྱིས་འཇུ་བཟུང་བྱས་རྗེས། ད་བར་མི་ལོ་གསུམ་རིང་བཙོན་འཇུག་བྱས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་མུ་ར་སྤྱིན་པ་ལགས་བཙོན་དུས་གཙང་རྗེས་ཕྱི་ཟླ་༡༢ཚེས་༡ཉིན་གློད་གྲོལ་ཐོབ་འདུག་པ་དང་། དེ་རིང་ཕྱི་ཟླ་༡༢་ཚེས་༣ཉིན་ཕ་ཡུལ་ལ་འབྱོར་ཡོད་འདུག སྐབས་དེར་ས་གནས་བོད་མི་དང་དགོན་པའི་དགེ་འདུན་པ་ཚོས་གཞུང་ལམ་གཡས་གཡོན་ནས་ཕེབས་སྒུག་བྱས་ནས་ཁོང་ལ་རྟེན་འབྲེལ་གྱི་ཁ་བཏགས་འཐེན་ཞོར་ཕེབས་བསུ་བྱས་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། མུ་ར་སྤྱིན་པ་ལགས་དེ་སྔ་སྤྱི་ལོ་༢༠༡༢ལོའི་ཟླ༡༠བའི་ཚེས༢༤ཉིན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཁོང་ལ་ཟླ་བ་ལྔ་ཙམ་རིང་གཅར་རྡུང་དང་འདྲི་རྩད་ནན་པོ་བྱས་ཤིང་། ཁོང་གིས་༢༠༠༨་ནས་བཟུང་རྒྱ་ནག་ཉེན་རྟོག་པ་དང་དམག་མིས་བོད་ཁུལ་དུ་ཚད་ལས་བརྒལ་བའི་དྲག་གནོན་དང་མནར་གཅོད་བཏང་བ་དང་། བོད་ནང་གི་བོད་མི་ཚོའི་ཞི་རྒོལ་གནས་ཚུལ་འདྲ་མིན་གྱི་གནས་ཚུལ་དག་ཕྱི་བསྒྲགས་བྱས་ཚུལ། ད་དུང་བདེན་པའི་བསྒྲགས་གཏམ་ཞེས་པའི་ཡི་གེ་ཞིག་བྲིས་ཏེ་རྨ་ཆུ་རྫོང་དུ་བཀྲམ་པ་སོགས་ཀྱི་ཉེས་བཙུགས་བྱས་ནས་སྤྱི་ལོ་༢༠༡༣ལོའི་ཟླ་༤་བའི་ནང་ཙམ་ལ། མི་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ནས་བཟུང་ཁ་སང་ཕྱི་ཚེས་༡ཉིན་གློད་གྲོལ་མ་ཐོབ་བར་ཀན་སུའུ་པེ་དབྱིན་ཕྱོགས་ཀྱི་པེ་ཝན་གྲོང་རྡལ་གྱི་(甘肃省白银市北湾镇)བཙོན་ཁང་ཞིག་གི་ནང་མི་ལོ་༣ ལྷག་གི་རིང་ལ་ཁྲིམས་ཀྱི་མནར་གཅོད་མྱངས་ཡོད་པ་གསུངས་འདུག  
ཡང་བོད་མི་གཞན་ཞིག་གིས། ཁོང་བཙོན་གྲོལ་བྱུང་བར་དགའ་བོ་བྱུང་མོད་བཙོན་ཁང་དུ་མནར་གཅོད་བཏང་བའི་སྟབས་ཀྱིས་མགོ་ནས་སྐྲ་ལྷུངས་བ་སོགས་ཕར་བལྟས་ན་སྐུ་གཟུགས་ཀྱི་གནས་སྟངས་དེ་ཙམ་ཡག་པོ་མི་འདུག་པས་སེམས་སྐྱོ་བོ་བྱུང་ཞེས་བརྗོད་འདུག
མུར་སྦྱིན་ནམ་མུ་ར་སྤྱིན་པ་ལགས་ནི་ད་ལྟ་དགུང་ལོ་༤༣ཡིན་ཞིང་། ཕའི་མིང་ལ་ནོར་ཕུན་དང་མའི་མིང་ལ་འཚོ་མོ་ཟེར་ལ། ཕ་ཡུལ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུར་བྱེག་ཡུལ་ཕྱོགས་མུ་ར་སྡེ་བ་ནས་ཡིན་ཞིང་། སྔ་རྗེས་ལ་དགུན་ཁའི་སློབ་གྲྭའི་གུང་སེང་སྐབས་ས་གནས་ཀྱི་སློབ་གྲ་དང་གྲྭ་བཙུན་རྣམས་ལ་སུམ་རྟགས་སོགས་བོད་ཀྱི་རིག་གནས་ཟབ་སྦྱོང་འཛིན་གྲ་ཐེངས་མང་པོར་ སློབ་ཁྲིད་གནང་མྱོང་ཡོད་པར་མ་ཟད། དང་། ལོ་རེ་རེ་བཞིན་ཕ་སྐད་དང་ཡིག་རྨོངས་སེལ་བའི་འཛིན་གྲྭ་བསྡུ་རུབ་གནང་རྒྱུ་སོགས་ཕ་ཡུལ་ལ་ཕན་པའི་ཕྱག་ལས་གང་མང་གནང་མཁན་ཞིག་ཡིན་པ་བོད་ཕྱི་ནང་གི་དྲ་ལམ་འཕྲིན་ལམ་ལ་ཐོན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎