བློ་བཟང་གིས་རྔ་བ་རྫོང་ཐོག་ནས་ཞི་རྒོལ་རྗེས་ཁྲིམས་ཐག་བཅད་འདུག


2016.07.19
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ལགས་ཀྱི་ཉེ་པར། ༢༠༡༥ རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ལགས་ཀྱི་ཉེ་པར། ༢༠༡༥
བོད་འབྱོར།

ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཞུ་བས་ཞི་རྒོལ་རྗེས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༡༥་ལོའི་ཕྱི་ཟླ་དགུ་པའི་ནང་ཨ་མདོ་རྔ་བ་ཁུལ་རྒྱ་ནག་གཞུང་ནས་ཕྱི་ཕྱོགས་ལ་འབྲེལ་བ་མི་ཆོག་པའི་དམ་བསྒྲགས་ཀྱིས་སྤྱི་ཚོགས་དྲ་ལམ་སོགས་ལ་བཀག་སྡོམ་བྱས་ཡོད་པ་དང་། དུས་ཡུན་དེའི་སྐབས་སུ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ལགས་ནས། ལག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་ཆུང་སྲིད་པན་ཆེན་རིན་པོ་ཆེའི་སྐུ་པར་འཁྱེར་ནས་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྒྲ་སྒྲོགས་བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་པ་རེད།
དེའི་རྗེས་སུ་ཁོང་རྔ་བ་རྫོང་ནས་རྒྱང་ཐག་སྤྱི་ལེ་༣༥༠་ལྷག་ཙམ་ཡོད་པའི་མོང་ཞན་ཞེས་པའི་བཙོན་ཁང་དང་ཁྲིམས་ཁང་གཅིག་ལྕོག་ཡོད་ས་ཞིག་ཏུ་བཞག་ཡོད་པ་ལས་ད་བར་ནང་མི་ཉེ་འབྲེལ་ཚོས་གནས་ཚུལ་གསལ་པོ་ཤེས་རྟོག་ཐུབ་མེད་པར་ལུས་ཡོད་འདུག  
གནས་ཚུལ་དེ་བཞིན་དྲ་རྒྱ་དང་ཕྱི་ཕྱོགས་ལ་འབྲེལ་ལམ་བྱེད་རྒྱུར་དམ་བསྒྲགས་ཆེན་པོ་བྱས་པའི་རྐྱེན་གྱིས་ད་བར་ཕྱི་བསྒྲགས་བྱུང་མེད་པ་རེད། ད་ཆ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དགེ་འདུན་པ་བློ་བཟང་ལགས་སུ་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་མི་ལོ་གསུམ་གྱི་བཙོན་བཅུག་ཉེས་ཆད་བཀལ་ཡོད་པ་རེད་འདུག
བློ་བཟང་ལགས་ནི་རྔ་བ་ཕྱུགས་ལས་འགབ་མ་ནས་ཡིན་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎