སྐྱེ་རྒུ་མདོར་བོད་མིའི་སྡོད་ཁང་ཉམས་གསོ་ཚད་ལྔན་མེད་པ།

སྐྱེ་རྒུ་མདོ་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་བྱུང་རྗེས་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་སྡོད་ཁང་གསར་སྐྲུན་བྱེད་བཞིན་པ་རྣམས་ཚད་ལྡན་མེད་པ།
2012-04-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།།སྐྱེ་རྒུ་མདོར་བོད་མིའི་སྡོད་ཁང་ཉམས་གསོ་ཚད་ལྡན་བྱུང་མེད་པའི་སྐོར་འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། སྐྱེ་རྒུ་མདོ་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་བྱུང་རྗེས་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་སྡོད་ཁང་གསར་སྐྲུན་བྱེད་བཞིན་པ་རྣམས་ཚད་དང་ལྡན་པ་ཡོང་གི་མེད་སྐོར་ལ་མང་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་ཡོང་བཞིན་ཡོད་པ་ལྟར། ཉེ་ལམ་ཟླ་ ༤ ཚེས་ ༡༠ ཉིན་སྐྱེ་རྒུ་མདོར་མང་ཚོགས་སྡོད་ཁང་ཆེད་གསར་རྒྱག་བྱེད་བཞིན་པའི་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཞིག་རྡིབ་སྐྱོན་བྱུང་སྟེ་ཉུང་མཐར་རྒྱ་རིགས་ལས་མི་གྲངས་ལྔ་ཙམ་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་བྱུང་ཐོན་འདུག་ཀྱང། ས་གནས་འབྲེལ་ཡོད་ཚན་པས་གནས་ཚུལ་དེ་ཕྱི་ཕྱོགས་སུ་བརྒྱུད་གྲགས་བྱེད་མི་ཆོག་པའི་བཀག་འགོག་བྱས་འདུག དེ་བཞིན་ས་གནས་བོད་རིགས་མང་ཚོགས་རྣམས་ཀྱིས་ད་ཆ་གཞུང་གིས་མང་ཚོགས་ཆེད་གསར་སྐྲུན་བྱེད་བཞིན་པའི་ཁང་པ་རྣམས་དུས་ཐོག་སྤྲོད་ཐུབ་ཀྱི་མེད་པའི་ཁར། ཁང་པ་བརྒྱབ་ཟིན་པ་རྣམས་ཀྱང་སྤུད་ཚད་ཚད་ལྡན་མེད་པའི་གནས་ཚུལ་དངོས་མཐོང་བྱུང་བར་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང༌། དེ་བཞིན་སྐྱེ་རྒུ་གྲོང་བརྡལ་ས་ཆའི་ལྟེ་གནས་ཁག་དང་སྤུས་ལེགས་ས་ཆ་རྣམས་གཞུང་ནས་བཙན་འཕྲོག་བྱས་པའི་ཐད་མང་ཚོགས་ནས་ས་གནས་འབྲེལ་ཡོད་ཚན་པར་ཞུ་གཏུག་བྱེད་བཞིན་པའི་གནས་ཚུལ་ད་དུང་ཡང་ཡོད་བཞིན་འདུག་ཀྱང་བདག་སྤྲོད་རྩ་བ་ནས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།