རང་ལུས་མེར་སྲེག་གི་ཞི་རྒོལ་གནང་མཁན་ཞིག་བཙོན་གྲོལ་བྱུང་འདུག

2017-05-11
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བློ་བཟང་རྒྱ་མཚོ་ལགས། (དུས་ཚེས་གསལ་བོ་མི་འདུག)
བློ་བཟང་རྒྱ་མཚོ་ལགས། (དུས་ཚེས་གསལ་བོ་མི་འདུག)
པར་ཚགས།

རང་ལུས་མེར་སྲེག་དང་འབྲེལ་འཛིན་བཟུང་བཙོན་འཇུག་བྱས་བ་རྔ་བ་ཀིརྟི་དགོན་པའི་བློ་བཟང་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་འདུག
དེ་ཡང་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན། རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་རྒྱ་མིའི་བཙོན་ཁང་ནས་ལོ་ལྔ་ལྷག་བཙོན་བཅུག་བྱས་པའི་རྗེས། ༢༠༡༧་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་རྒྱ་ནག་གི་ཏཱ་ཡང་བཙོན་ཁང་ནས་གློད་གྲོལ་བྱུང་སྟེ་རང་ཁྱིམ་དུ་འབྱོར་ཡོད་འདུག
ཁོང་ནི་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་བོད་ནང་ནས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ ༢༡ པ་དེ་ཡིན་ཞིང་། ཁོང་གི་ད་ལྟའི་གཟུགས་གཞིའི་གནས་སྟངས་ཇི་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་པ་རེད།
ཁོང་ནི་མདོ་སྨད་རྔ་བ་རྫོང་གཅའ་ཤང་གི་ཕ་བཛྲི་དང་། མ་པད་དཀར་གཉིས་ལ་བུ་ཡིན་པ་རེད། རང་ལུས་མེར་བསྲེགས་གནང་སྐབས་དགུང་ལོ་༡༩་ཡིན་ཞིང་། ད་ལྟ་དགུང་ལོ་ ༢༤ ཡིན་པ་རེད།

ཕབ་བཤུས་མཁན་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།