རྒྱ་ནག་ཉེན་རྟོག་པས་བློ་གྲོས་ལགས་འཛམ་ཐང་ནས་བཟུང་འདུག

2016-09-28
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དགེ་འདུན་པ་བློ་གྲོས་ལགས་ཀྱི་ཉེ་པར།
དགེ་འདུན་པ་བློ་གྲོས་ལགས་ཀྱི་ཉེ་པར།
བོད་འབྱོར།

དགེ་འདུན་པ་བློ་གྲོས་ལགས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་ཁོང་གི་གནས་སྟངས་ཁ་གསལ་མེད་པར་ལུས་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༦་པའི་ཚེས་༡༤་ཉིན་དགེ་འདུན་པ་བློ་གྲོས་ལགས་ཆོས་གྲོགས་ཁ ཤས་དང་མཉམ་དུ་འབར་ཁམས་རྫོང་ཐོག་ལ་བཟའ་བཅའ་མཁོ་སྒྲུབ་ཏུ་བསྐྱོད་སྐབས། གློ་བུར་རྒྱ་ནག་གི་ཉེན་རྟོག་པས་གསལ་བཤད་སོགས་གང་ཡང་མེད་པར་ལག་ལྕགས་བརྒྱབ་ནས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་པར་ལྟར་ན། ཁོང་འཇུ་བཟུང་བྱས་ནས་ད་བར་ཟླ་བ་གསུམ་ལྷག་ཕྱིན་ཡོད་པ་དང་། དེའི་རིང་ཁོང་གི་ནང་མི་གཉེན་ཉེ་དང་། དགོན་པ་བཅས་ཀྱིས་ས་གནས་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་སུ་ཁོང་གི་གནས་སྟངས་ཐད་འདྲི་བརྩད་ལན་མང་གནང་ཡོད་ཀྱང་ས་གནས་འགོ་ཁྲིད་ཚོས་ད་བར་ལན་འདེབས་གསལ་པོ་གང་ཡང་བྱས་མེད་པ་མ་ཟད། ཐ་ན་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་ཅི་ཕྱིར་འཛིན་བཟུང་བྱས་པ་སོགས་ཀྱི་གསལ་བཤད་གང་ཡང་བཤད་བྱས་མེད་པར་བརྟེན། ཁོང་གི་ནང་མི་གཉེན་ཉེ་དང་། དགོན་པ་བཅས་ནས་ཁོང་གི་གནས་སྟངས་ཐད་ཐུགས་ཁྲལ་གནང་བཞིན་པ་རེད།      
རྩད་ཆོད་བྱུང་བ་ལྟར་ན། དགེ་འདུན་པ་བློ་གྲོས་ལགས་ནི་མདོ་སྨད་རྔ་བ་རྫོང་རྔ་སྟོད་རྩི་མདའ་ཡུལ་ཚོའི་ཡབ་ཚིག་ཐོག་དང་སྐྱེས་མ་རྫོགས་རེས་གཉིས་ཀྱི་བུ་ཡིན་པར། ད་ལོ་དགུང་གྲངས་༣༦་ཙམ་ཡིན་པ་རེད། ཁོང་ཆུང་དུས་ནས་རྩི་ནང་དགོན་པར་ཞུགས་པ་དང་། རིམ་པས་འཛམ་ཐང་ཇོ་ནང་དགོན་པ་སོགས་ནས་བསླབ་པ་སློབ་གཉེར་གནང་འདུག།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།