མི་གསོད་དོན་རྐྱེན་གྱི་དོགས་གཞིའི་ཁྲོད་དམར་བསད་བཏང་འདུག


2015.05.05
མགོ་ལོག་ནས་མི་གསོད་དོན་རྐྱེན་གྱི་དོགས་གཞིའི་ཁྲོད་མི་གཅིག་དམར་བསད་བཏང་སྐབས། ༢༠༡༥།༥།༣ མགོ་ལོག་ནས་མི་གསོད་དོན་རྐྱེན་གྱི་དོགས་གཞིའི་ཁྲོད་མི་གཅིག་དམར་བསད་བཏང་སྐབས། ༢༠༡༥།༥།༣
དྲ་བཤུས

རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་དར་ལག་རྫོང་ཁོངས་ནས་ཡིན་པའི་མི་ཞིག་ལ་མེ་མདའ་བརྒྱབ་སྟེ་དམར་བསད་བཏང་ཡོད་འདུག
དེ་ཡང་རྒྱ་ནག་གསར་འགྱུར་དྲ་བའམ་Chinanewsརྒྱ་ཡིག་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། ཟླ་འདིའི་སྤྱི་ཚེས་༣ཉིན་གྱི་ཞོགས་པར། མཚོ་སྔོན་ཉེན་རྟོག་པས་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ནས་བྱུང་བའི་མི་གསོད་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག དྲ་རྒྱ་དེའི་ནང་དམར་བསད་བཏང་པའི་མི་དེའི་མིང་ལ་བློ་ཟེར་བ་ལས་མིང་སོགས་ཞིབ་ཕྲ་གསལ་པོར་བཀོད་མེད་པ་རེད། འོན་ཀྱང་དྲ་རྒྱའི་གསར་འགྱུར་དེའི་ནང་དམར་བསད་བཏང་པའི་མི་དེའི་སར་ནས་མེ་མདའ་ཞིག་ཀྱང་ལག་སོན་ཐུབ་ཡོད་ལུགས་བཀོད་འདུག
ཉེན་རྟོག་པས་ཉེས་ཅན་དོགས་གཞི་ཡོད་པའི་མི་དེ་བོད་རིགས་ཡིན་མིན་གསལ་པོར་བརྗོད་མེད་ཀྱང་། ཁོ་བོ་མགོ་ལོག་ཁུལ་དར་ལག་རྫོང་འབོ་སྤ་གྲོང་ཚོ་ནས་ཡིན་པ་དང་། སྤྱི་ལོ་ ༢༠༠༩ཟླ༥ཚེས་༢༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤་ཙམ་ལ་བློ་ཟེར་བའི་མིང་ཅན་དེ་དང་ཁོ་བོའི་ལག་རོགས་གསུམ་གྱིས་དར་ལག་རྫོང་གསང་རུ་མ་གྲོང་ཚོའི་ཕྱུག་ལས་ཨུ་ཡོན་ལྷན་ཁང་མདུན་སྐར་ཟེར་བ་ཞིག་ལ་མེ་མདའ་བརྒྱབ་སྟེ་བསད་པ་མ་ཟད། དེའི་བཟའ་ཟླ་པད་ཟེར་བ་ཞིག་ལ་ཡང་རྨས་སྐྱོན་བཏང་ནས་བྲོལ་བྱོལ་དུ་ཕྱིན་ཡོད་པ་རྒྱ་ཡིག་གི་གསར་འགྱུར་དྲ་རྒྱ་དེའི་ནང་བཀོད་ཡོད་པ་རེད། ད་དུང་གསར་འགྱུར་དེའི་ནང་བློ་ཟེར་བའི་མི་དེས་མི་གསོད་དོན་རྐྱེན་ཀྱི་གནད་དོན་དེ་སྤེལ་བ་ནས་བཟུང་རྒྱུན་དུ་མེ་མདའ་ཉར་བ་དང་། གྲོང་ཚོའི་ནང་དང་འབྲོག་སའི་མི་མང་ལ་དོན་མེད་བརྙས་བཅོས་བྱས་ཏེ། མང་ཚོགས་ནང་འཁོན་འཁྲུག་ཆེན་པོ་སློང་མཁན་ཞིག་ཡིན་པ་ཡང་བཀོད་ཡོད་པ་རེད། བློ་ཟེར་བའི་མི་དེས་མི་གསོད་དོན་རྐྱེན་བྱས་པའི་གནས་ཚུལ་བྱུང་རྗེས། མགོ་ལོག་ཁུལ་གྱི་ཉེན་རྟོག་པས་ཁོ་འཛིན་བཟུང་བྱེད་ཐབས་ཐེངས་མང་པོ་བྱས་ཀྱང་། ཁོ་བྲོས་བྱོལ་དུ་ཕྱིན་ནས་བཟུང་ཐུབ་མེད་པ་ཡིན་འདུག
འོན་ཀྱང་ཟླ་འདིའི་སྤྱི་ཚེས་༢ཉིན་དོགས་ཡོད་ཉེས་ཅན་དེ་མགོ་ལོག་དར་ལག་རྫོང་འབོ་སྤ་གྲོང་ཚོའི་ནང་གབ་སྡོད་བྱས་ཡོད་པ་ཤེས་རྟོགས་བྱུང་སྟབས། འཕྲལ་དུ་འཛིན་བཟུང་རུ་ཁག་ས་གནས་དེར་དངོས་སུ་ཕྱིན་ཞིང་། དེའི་ཕྱི་ཉིན་གྱི་ཞོགས་པའི་ཆུ་ཚོད་༧་པ་ཙམ་ལ། ཁོའི་ནང་དུ་འབྱོར་མཚམས་དོགས་ཡོད་ཉེས་ཅན་དེས་ག་ས་གར་བྲོས་ཐབས་བྱས་ཡོད་པར་བརྟེན། ཉེན་རྟོག་རུ་ཁག་ནས་ཁོ་པར་མེ་མདའ་བརྒྱབ་སྟེ་དམར་བསད་བཏང་ཡོད་འདུག་པ་དང་། བློ་ཟེར་བའི་མི་དེ་འཛིན་བཟུང་བྱ་ཐབས་ཀྱི་ལས་དོན་སྤེལ་བའི་དོན་རྐྱེན་ཁྲོད་ཉེན་རྟོག་པ་ཞིག་གི་རྐང་པར་མེ་མདའ་ཕོག་ནས་རྨས་སྐྱོན་ཕོག་ཡོད་ལུགས་གོང་ཞུས་གསར་ཁང་དེས་ཉེན་རྟོག་པ་ཞིག་གིས་བརྗོད་ཡོད་ལུགས་ལུང་འདྲེན་ཀྱང་བྱས་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎