བཀའ་ཁྲི་མཆོག་གི་ལོ་གསར་འཚམས་འཕྲིན།

བོད་ཆུ་འབྲུག་ལོའི་ལོ་གསར་སྐབས་བཀའ་བློན་ཁྲི་པ་མཆོག་ནས་བོད་མི་ཚོར་འཚམས་འཕྲིན་གནང་བ།
2012-02-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་ཆུ་འབྲུག་ལོའི་ལོ་གསར་སྐབས་བཀའ་བློན་ཁྲི་པ་མཆོག་གིས་བོད་མི་ཚོར་འཚམས་འཕྲིན་ཞིག་རྩལ་བའི་ནང་།ཨ་མེ་རི་ཀར་ཡོད་པའི་བོད་མི་ནས་འགོ་བཙུགས་པའི་ Tibet Lobby Day ཞེས་པའི་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ཉིན་མོ་དེ་རིགས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་དམིགས་བསལ་འགན་ཁུར་བའི་ཐོག་ནས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་ཕེབས་ཏེ།གྲོས་ཚོགས་འཐུས་མི་ཚོར་བོད་དོན་སྐོར་ཁ་གསལ་ཐོག་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་བཞག དེ་བཞིན་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་གནད་ཡོད་མི་སྣ་གང་མང་མང་གིས་བོད་དོན་སྐོར་མཁྱེན་པ་ཡིན་ན་ རྒྱབ་སྐྱོར་རག་རྒྱུར་ཏན་ཏན་ཐུགས་ཕན་སོས་པ་ཡོང་གི་རེད། ལྷ་རབས་བྱུང་ན་གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཆོད་འཇོག་ཐུབ་པ་དང་།དེ་ལྟར་མ་བྱུང་ནའང་བགྲོ་གླེང་གནང་ཐུབ་རྒྱུ་དེ་གལ་ཆེན་པོ་རེད།བོད་ནང་བོད་མི་མང་པོས་རང་སྲོག་བློས་གཏོང་གི་ཡོད་པ་རེད།ཁོང་ཚོའི་འབོད་སྒྲ་དེ་རྒྱལ་སྤྱིའི་ལྡིང་ཆའི་ཐོག་མཁྱེན་རྟོགས་ཐུབ་པ་བཟོ་རྒྱུ་དེ་ང་ཚོའི་དམིགས་བསལ་ལས་འགན་ཆགས་ཡོད་པ་རེད་ཅེས་གསུང་བཞག། 
ཡང་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་འདིར་བཀའ་ཤག་ནས་ལས་འགུལ་སྤེལ་སྐབས་ཞི་བའི་སྒོ་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་ཆེ་མཐོང་དང་གཟི་བརྗིད་ལྡན་པའི་ཐོག་ནས་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་བཞག
ཡང་བཀའ་བློན་ཁྲི་པ་མཆོག་གིས་འཚམས་འཕྲིན་གནང་བའི་ནང་ད་རེས་ལོ་གསར་སྐབས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ལས་དགའ་སྤྲོ་དང་།ཐུགས་སྤྲོའི་རིགས་མ་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་ཐོག་དལྟའི་འཆར་བོད་ནང་ས་ཕྱོགས་གང་སར་དམག་མི་འབོར་ཆེན་གཏོང་བཞིན་ཡོད་པ་དང་། ཕྱི་རྒྱལ་གྱི་མི་སྣ་བོད་ནང་འགྲོ་མ་བཅུག་པ་དང་ གསར་འགོད་པ་ཡང་འགྲོ་ཆོག་གི་མེད་པ་དེ་བཞིན་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཡང་དམ་དྲག་གིས་མི་ཉུང་ཤས་ཤིག་ལས་འགྲོ་ཆོག་གི་མེད་པ་སོགས་བོད་ནང་གནས་ཚུལ་གང་འདྲ་ཆགས་ཡོང་སྙམ་པའི་ཐུགས་འཚབ་ཆེན་པོ་ཡོད་ལུགས་གསུང་བཞག།  དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་ལོ་གསར་ཚེས་༣་དང་ཚེས་༨་ཚེས་༡༠་ཚེས་༡༥་བཅས་ལ་བྱུང་ན་དགོན་པ་མཇལ་དུ་ཕྱིན་ནས་ཆོས་ཕྱོགས་ཀྱི་ལས་འགུལ་སྤེལ་ནས་བོད་ནང་བཞུགས་པའི་བོད་མི་ཚོར་སྨོན་འདུན་གནང་དགོས་པའི་རེ་འདུན་ཡང་ཞུས་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།