བོད་པའི་ཕྲུ་གུ་༣༠ལྷག་ནས་རྒྱལ་སྤྱིའི་དཔོན་རིགས་ཚོར་འབོད་སྐུལ།

ཨ་སི་ཊེ་ལི་ཡ་ནང་བོད་པའི་ཕྲུ་གུ་༣༠ལྷག་གིས་རྒྱལ་སྤྱིའི་དཔོན་རིགས་ཚོར་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པའི་གནས་ཚུལ།
2013-01-05
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཕྱི་ལོ་༢༠༡༢་ཀྱི་ལོ་མཇུག་ནས་བཟུང་ཨོ་སི་ཊེ་ལི་ཡ་ནང་ཡོད་པའི་རྒྱ་བོད་མཛའ་འབྲེལ་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་དང་སྤེལ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་ཨོ་སི་ཏེ་ལི་ཡའི་ནང་འཚར་ལོངས་བྱེད་བཞིན་པའི་བོད་པའི་ཕྲུ་གུ་རང་ལོ་བཅུ་དྲུག་དང་བཅུ་བདུན་མན་ཆད་དང་། རང་ལོ་བདུན་དང་བརྒྱད་ཡན་ཆད་ཀྱི་བོད་པའི་ཕྲུ་གུ་སུམ་བཅུ་ལྷག་ཙམ་གྱིས། ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱི་གཙོས་རྒྱལ་སྤྱིའི་དཔོན་རིགས་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་གནང་རོགས་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་འདིར་གསན་རོགས་ཞུ།

གསར་འགྱུར་ལ་གསན་རོགས།
མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།