༧གོང་ས་མཆོག་ཨ་རིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་འདུག


2014.10.24
༧གོང་ས་མཆོག་གིས་ཁཱ་ན་ཊའི་ནང་མཛད་འཕྲིན་སྐྱོང་བཞིན་པ། ༢༠༡༤།༡༠།༢༢ ༧གོང་ས་མཆོག་གིས་ཁཱ་ན་ཊའི་ནང་མཛད་འཕྲིན་སྐྱོང་བཞིན་པ། ༢༠༡༤།༡༠།༢༢
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་ཁཱ་ན་ཊའི་མཛད་འཆར་ལེགས་པར་འགྲུབ་སྟེ་ཨ་རིའི་Alabama མངའ་སྡེའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་འདུག དེ་ཡང་༧གོང་ས་སྐྱབས་མགོན ཆེན་པོ་མཆོག་གིས་ཟླ་བ་འདིའི་སྤྱི་ཚེས་༢༠ནས་ཚེས་༢༤བར་ཉིན་བཞིའི་རིང་ཁཱ་ན་ཊའི་Vancouver གྲོང་ཁྱེར་རུ་མང་ཚོགས་ལ་བཀའ་སློབ་གསུངས་བཤད་དང་། ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱང་གནང་མཛད་ཡོད་པ་དང་། ཁུའ་དེའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཚེས་༢༤ཉིན་གོང་ས་མཆོག་ཨ་རིའི་Alabamaམངའ་སྡེིའི་Birminghamགྲོང་ཁྱེར་ཕྱོགས་སུ་ཆིབས་ཞལ་འགྱུར་གནང་མཛད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཆུང་དུས་ནས་ཕྲུ་གུ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་རྗེས་སུ་རང་བཞིན་གྱིས་སེམས་བརྒྱུད་བཟང་པོ་ལྡན་པའི་མི་ཞིག་ཡོང་གི་ཡོད།
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཁཱ་ན་ཊ་ཡུལ་གྱི་Vancouver ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་། ཁ་ས་ཕྱི་ཚེས་༢༢ཉིན་སྙིང་སྟོབས་གོང་འཕེལ་གྱི་ཚན་རིག་དང་སྒྱུ་རྩལ་གྱི་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་British Columbiaགཙུག་ལག་སློབ་གྲའི་ནང་བགྲོ་གླེང་གི་ཚོགས་མགོན་དུ་༧ཞབས་སོར་འཁོད་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྲུ་གུར་ཆུང་དུས་ནས་བྱམས་བརྩེས་སྐྱོང་དགོས་པ་བཀའ་གནང་བ་དང་། དེ་ནི་གཙོ་བོ་མ་ལ་རག་ལས་ཡོད་ཅིང་ཆུང་དུས་ནས་ཕྲུ་གུ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་རྗེས་སུ་རང་བཞིན་གྱིས་སེམས་བརྒྱུད་བཟང་པོ་ལྡན་པའི་མི་ཞིག་ཡོང་གི་ཡོད་པ་སོགས་བཀའ་སློབ་སྩལ་ཡོད་འདུག དེ་བཞིན་དེའི་ཉིན་Vancouverནང་རྟེན་གཞི་བྱས་པའི་TEDཞེས་པའི་ཐེབས་རྩའི་འགན་འཛིན་Chris Anderson གྱི་བཀའ་དྲིར་བཀའ་ལན་སྩལ་བའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཚར་ལོངས་དང་སློབ་སྦྱོང་བྱེད་བཞིན་པའི་མི་རབས་གསར་པ་ཚོར་ཐུགས་རེ་ཆེན་པོ་ཡོད་པ་དང་། ཁོང་ཚོ་འཚར་ལོངས་བྱུང་བའི་རྒྱུད་རིམ་ནང་སེམས་བརྒྱུད་བཟང་པོ་ཞིག་ཡོང་རྒྱུར་ཆུང་དུས་ནས་སྦྱོང་རྡར་སྤྲོད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན། དེར་བརྟེན་སློབ་གསོ་ནི་ཧ་ཅང་གི་གལ་གནད་ཞིག་ཆགས་ཀྱི་ཡོད་པ་བཀའ་སྩལ་གནང་མཛད་ཡོད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྐོར་ལ་བཀའ་དྲིར་བཀའ་ལན་སྩལ་བའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་འཛམ་གླིང་ནང་ནས་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་རྙིང་པ་ཞིག་དང་། རྒྱ་ནག་མི་མང་ཚོ་དཀའ་ལས་རྒྱབ་ཐུབ་མཁན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་འཛམ་གླིང་ནང་ཤུགས་རྐྱེན་སྤྲོད་ཐུབ་པའི་རྒྱལ་ཁབ་ཤིག་ཆགས་ཐུབ་རྒྱུར་ཐོག་མར་འཛམ་གླིང་ཡུལ་གྲུ་ཁག་གིས་ཡིད་ཆེས་ཐོབ་དགོས་ཀྱི་ཡོད་ཅིང་། དེ་བཞིན་རྒྱ་ནག་མི་མང་དུང་ཕྱུར་༡༣ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ལྡན་དགོས་བའི་རྨང་གཞིའི་དེའི་འོག་ལེགས་ཉེས་དབྱེ་འབྱེད་བྱེད་པའི་འདེམས་ཁའི་ཐོབ་ཐང་ཡང་ཡོད་དགོས་པ་ཞིག་རེད། དེར་བརྟེན་གནས་ཚུལ་ཤེས་རྟོག་བྱ་རྒྱུར་ཚད་འཛིན་བཀག་འགོག་བྱེད་བཞིན་ནི་ནོར་འཁྲུལ་ཞིག་ཡིན་པ་སོགས་བཀའ་ལན་སྩལ་ཡོད་འདུག ཕྱི་ཚེས་༢༣ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ཚོར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་འཆི་མེད།
སྐབས་དེའི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎