མཚོ་སྔོན་པོའི་འགྲམ་ནས་ཁ་བ་སྙིང་ལྕཊ་ཆེད་རྡོ་རིང་བཞེངས་དགོས།

mourning-------------------------------------------------------------- for young writer
2015.06.30
མཚོ་སྔོན་པོའི་འགྲམ་ནས་ཁ་བ་སྙིང་ལྕགས་ལ་རྡོ་རིང་བཞེངས་དགོས།
ཁ་བ་སྙིང་ལྕགས་ཆེད་མྱ་ངན་འདུ་འཛོམས། ༢༠༡༥།༦།༢༩ ཁ་བ་སྙིང་ལྕགས་ཆེད་མྱ་ངན་འདུ་འཛོམས། ༢༠༡༥།༦།༢༩
བོད་འབྱོར།

གསེར་ཉ་སྲུང་སྐྱོབ་སྐབས་ཚེ་སྲོག་ཤོར་བའི་ཁ་བ་སྙིང་ལྕགས་ཆེད་མྱ་ངན་འདུ་འཛོམས་དང་རྗེས་དྲན་རྡོ་རིང་བཞེངས་བར་ས་རྟཊ་བསྡུ་རུབ་གནང་བཞིན་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། ༢༠༡༥ཟླ་༦ཚེས་༢༩ཉིན་མཚོ་སྔོན་ཕྱོགས་ཀྱི་ཤེས་ཡོན་པའི་སྡེ་གཙོས་ས་གནས་བོད་མི་མི་ཉུང་བ་མཚོ་སྔོན་པོའི་མཚོ་འགྲམ་དུ་འཛོམས་ནས། ཁ་བ་སྙིང་ལྕགས་དྲན་པ་ཞེས་པའི་མྱ་ངན་འདུ་ཚོགས་བོད་པ་རང་གི་སྲོལ་ལུགས་ལྟར་སྦྲ་གུར་ཕུབ་ནས་བསྔོ་སྨོན་ཚོགས་ཡོད་པ་དང་། སྐབས་དེར་ཞོགས་དུང་སོགས་ཀྱིས་ཁོང་གི་སྙིང་སྟོབས་དང་བྱས་རྗེས་མང་པོ་གླེང་ནས་དྲན་གསོ་བྱས་ཡོད་པ་རེད། ད་དུང་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྐབས་ཚེ་སྲོག་ཤོར་བའི་གནས་ཚུལ་བོད་ཕྱི་ནང་གཉིས་ལ་ཁྱབ་རྗེས་བོད་མི་ཚོས། ཁོང་གི་འདས་རྐྱེན་ལ་བོད་ནང་གི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་གདུང་སེམས་དང་མྱ་ངན་ཞུ་བཞིན་པ་དང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་ཁོང་གི་རྣམ་དཔྱོད་དང་མི་རིགས་ལ་བཅངས་པའི་ལྷག་བསམ་ལ་རྗེས་དྲན་ཞུ་བའི་ཆེད་དུ། ཁོང་གི་སྙན་ངག་དང་། བརྩམས་ཆོས་གང་ཡོད་འཚོལ་བསྡུ་བྱེད་འགོ་ཚུགས་འདུག
བོད་ཀྱི་ན་གཞོན་སྙན་ངག་པ། བྱིས་སྒྲུང་རྩོམ་པ་པོ། ཁ་བ་སྙིང་ལྕགས་ལགས་ཀྱིས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཚེ་སྲོག་བཏང་བར་རྣམ་པ་འདྲ་མིན་གྱི་སྒོ་ནས་མྱ་ངན་བྱེད་པ་དང་དང་། ཁོང་གི་ཆེད་དུ་མཚོ་སྔོན་པོའི་འགྲམ་ངོགས་སུ་དྲན་གསོའི་རྡོ་རིང་ཞིག་བཞེངས་རྒྱུར་ས་གནས་འགོ་ཁྲིད་དང་སྲིད་གཞུང་ལ་རེ་བ་ཞུ་རྒྱུའི་བསམ་ཚུལ་བོད་མི་ཚོར་མ་གྲོས་བསམ་པ་གཅིག་མཐུན་ཡོང་བཞིན་པར་བརྟེན་དེའི་ཆེད་དུ། བོད་ཕྱི་ནང་གཉིས་སུ་དྲ་ལམ་འཕྲིན་ལམ་བརྒྱུད་ནས་ས་རྟགས་བསྡུ་བྱེད་བཞིན་པར་བོད་མི་མང་པོས་རྒྱབ་སྐྱོར་བྱེད་བཞིན་པ་རེད།
༢༠༡༥ལོའི་ཟླ་༦་ཚེས་༢༦ཉིན་གྱི་ཕྱི་དྲོ་ཙམ་ལ་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་གུང་ཧོ་རྫོང་མཚོ་སྔོན་པོ་ཅང་སི་ཟླ་ཚང་ཁོང་གི་ཕ་ཡུལ་ནས་མཚོ་སྔོན་པོའི་ནང་གི་གསེར་ཉ་སྲུང་སྐྱོབ་ཆེད་ཉ་རྒྱ་ལེན་པར་བསྐྱོད་སྐབས་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་ཡོད་པ་རེད།
ཁ་བ་སྙིང་ལྕགས་ལགས་ནི་༡༩༨༩ལོར་མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཟླ་ཚང་ཞེས་པར་སྐྱེས་བ་ དང་། མིང་དངོས་ལ་སྙིང་ལྕགས་འབུམ་ཡིན། ༢༠༠༨ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སྡེ་ཁག་ལ་ཞུགས་པ་དང་ ༢༠༡༢ལོར་སློབ་ཆེན་དེའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། ༢༠༡༣ལོའི་ལོ་སྨད་ནས་བཟུང་བོད་ནང་གི་ན་ཆུང་སློབ་མའི་ཀློག་དེབ་ཨ་ནུ་དཔེ་ཚོགས་ ཀྱི་གསར་རྩོམ་ལས་ཀ་གཉེར་བས་བོད་ནང་ཁུལ་དུ་དགའ་བསུ་ཐོབ་བཞིན་པ་དང་། ད་བར་ཁོང་ལ་རྩམ་ཆོས་འབུ་མེ་ལྕེབས་ཞེས་བའི་དེབ་ཕྲེང་གཉིས་དང་། དངོས་བཤུས་གློག་བརྙན་རྫ་ཆུ་ཁའི་བྱིས་བ་སོགས་འབོལ་རྩོམ་དང་སྙན་ངག་མང་པོ་ཡོད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎