ཕྱི་རྒྱལ་དུ་ཡོད་པའི་འབར་མའི་གསར་འགོད་པར་རེ་བ།

ཕྱི་ཕྱོགས་སུ་ཡོད་པའི་འབར་མའི་གསར་འགོད་པ་འབར་མའི་ནང་དུ་བསྐྱོད་དེ་གསར་འགྱུར་གཏོང་སྤེལ་ཡོང་བའི་རེ་བ།
2012-02-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎འབར་ལམ་འབར་མའི་གཞུང་གིས། གསར་འགོད་ལས་རིགས་དང༌། དྲ་རྒྱའི་རང་དབང་སྤྲད་པར་བརྟེན་ནས་ཕྱི་ཕྱོགས་སུ་ཡོད་པའི་འབར་མའི་གསར་འགོད་པ་འབར་མའི་ནང་དུ་བསྐྱོད་དེ་གསར་འགྱུར་གཏོང་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
དེ་སྔོན་འབར་མའི་གཞུང་དེ་དམག་མིས་དབར་བསྒྱུར་བྱས་པའི་རིང་ལ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་སྟེ། དམངས་གཙོ་དོན་གཉེར་ཅན་བཙོན་འཇུག་བྱས་པ་མ་ཟད། གསར་འགྱུར་དང་དྲ་རྒྱའི་ཐོག་དམ་བསྒྲགས་ཆེན་པོ་བྱས་ཡོད་ཀྱང༌། བར་ལམ་མི་དམངས་ཀྱི་གཞུང་གསར་པ་སླེབས་པའི་རྗེས། འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་Anng Sun Suu Kyi གཙོས་པའི་ཆབ་སྲིད་བཙོན་པ་གློད་བཀྲོལ་བཏང་བ་དང༌། གསར་འགྱུར་དང་དྲ་རྒྱ་ལྟ་ཀློག་གི་རང་དབང་གི་སྒོ་མོ་ཕྱེ་པ་སོགས་བཟང་ཕྱོགས་ཀྱི་འཕོ་འགྱུར་ཕྱིན་པར་བརྟེན་ནས། འབར་མ་ནས་ཕྱི་རྒྱལ་ཁབ་ནང་དུ་སྐྱབས་བཅོལ་སླེབས་པའི་གསར་འགོད་ཚོགས་པ་དེ་ཡིས་འབར་མའི་ནང་ཕྱིར་ལོག་བྱས་ཏེ་འབར་མའི་ནང་དུ་ལོ་རྒྱུས་ལྡན་པའི་ཆབ་སྲིད་ཀྱི་འཕོ་འགྱུར་གྱི་གནས་ཚུལ་གཏོང་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།