༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་བཅུ་འཁོར་བ།

2017-10-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ནས་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སེ་མཆོག་གིས་གསུང་འཕྲིན་ཞིག་གནང་སྟེ་དེའི་ནང་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ནས་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སེ་མཆོག་གིས་གསུང་འཕྲིན་ཞིག་གནང་སྟེ་དེའི་ནང་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་འདུག
དགའ་ལྡན་ཕོ་བྲང༌།

དེ་ཡང་ལྕམ་ནེན་སི་པེལོསི་མཆོག་གིས་བསྩལ་བའི་གསུངས་འཕྲིན་ནང་།
ངོས་རང་སྤོབས་པ་ཆེན་པོས་San Francisco གནས་ཞུགས་བོད་རིགས་ཚོ་དང་ལྷན་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་སྤྱི་དམངས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༡༠འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཐོག་འཚམས་འདྲི་ཞུ་གིན་ཡོད།
དེ་ཡང་སྤྱི་ལོ་༢༠༠༧ལོའི་སྤྱི་ཟླ་༡༠པའི་ཚེས་༡༧ཉིན་ཨ་རིའི་སྲིད་འཛིན་སྦུཤི་མཆོག་གཙོས་པའི་ཨ་རིའི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྷན་འཛོམས་ཐོག་༧གོང་ས་མཆོག་ལ་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་དེ་ཕུལ་ཡོད་པ་རེད།
དེ་ནི་གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་ཀྱི་གོ་རྟོགས་སྤེལ་གནང་མཛད་རྒྱུ་སོགས་ལ་བླ་ན་མེད་པའི་ཞབས་འདེབས་རླབས་ཆེན་གྲུབ་པའི་མཛད་རྗེས་ལ་ཆེ་བསྟོད་ཕུལ་བ་ཞིག་ཡིན་པ་དང་འཛམ་གླིང་གང་སར་གནས་པའི་བོད་པ་ཚོར་ལ་དགའ་སྐྱིད་ཀྱི་ཉིན་མོ་ཞིག་ཆགས་ཡོད་ཅེས་དང་།
༧གོང་ས་རྒྱལ་བ་རིན་པོ་མཆོག་ནི་འཛམ་གླིང་ཐོག་ཞི་བདེ་དང་འཚེ་བ་མེད་པ་འགྲོ་བ་མིའི་ཐོབ་ཐང་གི་མཚོན་རྟགས་ཞིག་རེད་ཅེས་གསུངས་འདུག  ཡང་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་གྱི་གསུང་འཕྲིན་དེའི་ནང་༧གོང་ས་མཆོག་བོད་མིའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཙམ་མ་ཡིན་པ་འཛམ་གླིང་ཐོག་ཁོང་ལ་དད་པ་དང་རྗེས་སུ་འབྲང་མཁན་ཚོའི་ཤེས་རབ་དང་བྱམས་སྙིང་རྗེའི་འབྱུང་རྩ་ལྟེ་གནས་ཞིག་རེད།
གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་དུས་རབས་འདིའི་ནང་ཞི་བདེ་བསྐྲུན་མཁན་གྱི་ཆེས་ཤིན་ཏུ་གཟི་བརྗིད་ལྡན་པའི་མི་སྣ་ཞིག་ཡིན་པ་དང་ཆེས་ཤིན་ཏུ་དཀོན་པའི་ཡ་རབས་སྤྱོད་བཟང་གི་་མགྲིན་ཚབ་པ་ཞིག་རེད།
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་སྟོབས་དང་བྱམས་སྙིང་རྗེའི་ལམ་ནས་འཛམ་གླིང་འདིའི་ཐོག་གུས་ཞབས་དང་དྲང་བདེན་ཆེ་ཐོངས་ལྡན་པའི་མི་ཚེའི་སྐྱེལ་མཁན་ཚོ་ལ་རེ་བ་དང་སེམས་ཤུགས་འཕར་མ་ཞིག་སྦྱིན་ཡོད་པ་རེད།
བོད་མིས་སྙིང་སྟོབས་དང་ཆོད་སེམས་ཆེན་པོ་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་ལེགས་སྦྱང་བཅས་སྲུང་སྐྱོབ་ཀྱི་་ཆེད་ཨ་རིའི་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཡོད་ཡོད་ཅེས་དང་།
དེ་བཞིན་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གསེར་གྱི་གཟེངས་རྟགས་ཕུལ་བའི་དགའ་སྟོན་གྱི་ཉིན་མ་འདིར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནན་སེ་པོལིསི་མཆོག་གི་མཚན་འཁོད་གསུངས་འཕྲིན་དེ་གནང་ཡོད་པ་རེད་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།