བལ་ཡུལ་གྱི་རྩ་ཁྲིམས་གསར་པར་མོས་མཐུན་བྱུང་མེད་པ།

བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པར་མོས་མཐུན་མ་བྱུང་ཚེས་བར་བརྒལ་སྲིད་གཞུང་ཕྱིར་བསྡུ་བྱེད་དགོས་པ།
2012-05-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎རེས་གཟའ་ཉི་མའི་མཚན་གུང་བར་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པའི་ཟིན་བྲིས་ལ་མོས་མཐུན་མ་བྱུང་ཚེ་བར་བརྒལ་གྱི་གྲོས་ཚོགས་ཡང་ཕྱིར་བསྡུ་བྱེད་རན་གྱི་ཡོད་འདུག། ཕྱི་ལོ་༢༠༠༦གཞུང་དང་གྱེན་ལོག་ཤོག་ཁག་དབར་ཞི་འགྲིག་གི་འབྲུ་དོན་ལྟར་ཕྱི་ལོ་༢༠༠༨ལོ་ནས་ད་བར་བར་བརྒལ་གྱི་གཞུང་སྔ་རྗེས་ཀྱིས་རྩ་ཁྲིམས་གསར་པའི་ཟིན་བྲིས་གཏན་འབེབས་ཐུབ་མེད་པའི་མ་ཟད་ད་ཆ་དུས་ཚོད་རྒྱས་བཅད་བྱས་པ་རྫོགས་རན་ཁར་ཡང་ཚོགས་པ་ཆེ་ཁག་དབར་མོས་མཐུན་མ་བྱུང་བར་ལུས་ཡོད་རེད།  ད་བར་གྱི་གྲོས་མོལ་ལ་བལྟས་ན་གྲོས་ཚོགས་ཕྱིར་བསྡུ་་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་པ་རེད།  ང་ཚོས་གྲོས་ཚོགས་ཕྱིར་བསྡུ་བྱ་རྒྱུར་འདོད་པ་མེད།འོས་འདེམས་བྱས་པའི་སྒྲིག་འཛུགས་དེ་ཁོ་ན་ལས་མེད་པ་རེད་ཅེས་ཀོང་རེས་ཚོགས་པའི་དབུ་ཁྲིད་ཨརྗུན་ནར་སིངྷ་ཀེ་སི་ (Arjun Narsingh  K.C) ཡིས་གསུངས་གནང་འདུག། རེས་གཟའ་ཉི་མའི་ཕྱི་དྲོ་གྲོས་ཚོགས་ཀྱི་ཕྱི་རོལ་དུ་ཉེན་སྲུང་དམག་མི་དྲག་སྟོང་ལྷག་བཀྲམས་ཡོད་འདུག། མོའི་དམར་ཤོག་ཚོགས་པ་དང༌།  མརྐེསེ་ལེ་ཌིན་དམར་ཤོག་སྒྲིག་ཚོགས་པ།  ནེ་བལ་ཀོང་རེས་ཚོགས་པ།  མ་དྷེ་སི་དམངས་གཙོ་ཆིག་སྒྲིལ་ཚོགས་པ་བཅས་ཚོགས་པ་ཞེ་ཁག་བཞིས་གཞུང་འཛིན་བྱ་ཕྱོགས་ཐད་གྲོས་མཐུན་ཡོང་གི་མེད་པ་རེད།   རེས་གཟའ་ཉི་མའི་གྲོས་མོལ་གྱི་འཇུག་འབྲས་གསུམ་ཡོང་སྲིད་པར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་པ་རེད།  དང་པོ་གྲོས་མཐུན་པར་གྲོས་ཚོགས་ཕྱིར་བསྡུ་བྱ་རྒྱུ་། གཉིས་པ་།  རྩ་ཁྲིམས་གསར་པའི་ཐོག་མོས་མཐུན་ཆ་ཚང་བྱ་རྒྱུ་།  གསུམ་པ།  རྩ་ཁྲིམས་ལམ་མོས་མཐུན་བྱས་ཀྱང་མཐའ་མའི་ཐག་ཆོད་དུས་ཚོད་ངེས་མེད་བཞག་རྒྱུར་བཅས་ཡིན་པ་རེད༎

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།