བལ་ཡུལ་གྱི་སྲིད་བློན་གསར་བས་ལས་ཁུར་དམ་འབུལ་གནང་བ།


2015.10.12
བལ་ཡུལ་གྱི་སྲིད་བློན་གསར་བK.P Oliམཆོག་གྲོས་ཚོགས་ནང་། ༢༠༡༥།༡༠།༡༡ བལ་ཡུལ་གྱི་སྲིད་བློན་གསར་བK.P Oliམཆོག་གྲོས་ཚོགས་ནང་། ༢༠༡༥།༡༠།༡༡
AFP

བལ་ཡུལ་གྲོས་ཚོགས་ཀྱིས་སྐུ་ཞབས་K.P Oliམཆོག་བལ་ཡུལ་གྱི་སྲིད་བློན་གསར་པར་མང་མོས་འོས་འདེམས་གནང་ཡོད་པ་རེད།
དེ་ཡང་བལ་ཡུལ་གྲོས་ཚོགས་ཀྱིས་སྐུ་ཞབས་Khadga Prasad Oliམཆོག་བལ་ཡུལ་གྱི་སྲིད་བློན་གསར་པར་མང་མོས་འོས་འདེམས་གནང་ཡོད་པ་དང་། དེ་རིང་ཚེས༡༢ཉིན་ཁོང་གིས་བལ་ཡུལ་གྱི་སྲིད་འཛིན་Ram Baran Yadavསྐུ་མདུན་དུ་སྲིད་བློན་གསར་པའི་དམ་འབུལ་གནང་ཡོད་པ་རེད།
བལ་ཡུལ་གཞུང་གིས་རྩ་ཁྲིམས་གསར་པ་གཏན་འབེབས་གནང་བའི་རྗེས་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཁག་གིས་ངོ་རྒོལ་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར། ཁ་ས་བལ་ཡུལ་གྲོས་ཚོགས་ནང་སྲིད་བློན་གྱི་འོས་བསྡུ་གནང་ནས་སྐུ་ཞབས་Oli་མཆོག་ལ་འོས་གྲངས་༣༣༨དང་། ཁོང་གི་ཁ་གཏད་སྲིད་བློན་ཟུར་པ་Sushil Koiralaལ་འོས་གྲངས་༢༤༩ཐོབ་རྗེས་གྲོས་ཚོགས་ཀྱི་ཚོགས་གཙོ་Subash Chandra Nembangམཆོག་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས། ཆེས་གུས་བཀུར་འོས་པའི་སྐུ་ཞབས་Khadga Prasad Oliམཆོག་སྲིད་བློན་དུ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཁོང་གི་ཕྱག་རོགས་སྲིད་བློན་གཞོན་པ་གཉིས་བསྐོ་བཞག་གནང་ཡོད་པ་ནི་བལ་ཡུལ་ལྷོ་ཕྱོགས་ངོས་སུ་ཆགས་པའི་Madhesiགྲངས་ཉུང་མི་རིགས་ཚོའི་དབུ་ཁྲིད་སྐུ་ཞབས་Bijay Gachchedarཡིན་པ་དང་། དེ་མིན་བལ་ཡུལ་དེ་ཧིན་རྡུའི་གཞུང་སླར་གསོ་བྱེད་ཡས་ཆེད་དུ་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་སྐུ་ཞབས་Kamal Thapaསྲིད་བློན་གཞོན་པར་བསྐོ་བཞག་གནང་ཡོད་པ་རེད།   
གསར་དུ་བསྐོ་བཞག་གནང་བའི་བལ་ཡུལ་གྱི་སྲིད་བློན་དགུང་གྲངས་༦༣ལ་ཕེབས་པ་སྐུ་ཞབས་(Oli)མཆོག་ནི་བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་། ཁོང་གིས་འདི་ལོའི་ཕྱི་ཟླ་བཞི་པའི་ནང་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་ནས་གཏོར་སྐྱོན་ཚབས་ཆེ་ཕོག་པ་རྣམས་ཉམས་གསོ་གང་མྱུར་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། དེ་བཞིན་ཁོང་གིས་རྩ་ཁྲིམས་གསར་པར་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་ཡོང་བཞིན་པ་རྣམས་འགོག་ཐབས་དང་། བལ་ཡུལ་ལ་རྡོ་སྣུམ་དང་ས་སྣུམ་སོགས་ཀྱི་དཀའ་ངལ་ཡོད་པ་རྣམས་སེལ་ཐབས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།  
བལ་ཡུལ་ནང་རྩ་ཁྲིམས་གསར་པ་གཏན་འབེབས་གནང་བའི་རྗེས་བལ་ཡུལ་ལྷོ་ཕྱོགས་ངོས་སུ་ཡོད་པའི་Madhesi གྲངས་ཉུང་མི་རིགས་ཀྱིས་ངོ་རྒོལ་ཁྲོད་རྒྱ་གར་དང་། བལ་ཡུལ་དབར་གྱི་ཚོང་འབྲེལ་གྱི་ལས་དོན་མང་པོ་ཞིག་ཐོག་དོ་ཕོག་ཤུགས་ཆེ་བྱུང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎