རྨ་ཆུ་རྫོང་ཐོག་ནས་ཉུང་མཐར་བོད་མི་དགུ་འཛིན་བཟུང་བྱས་འདུག


2016.12.13
བཀྲ་ཤིས་རབ་བརྟན་ལགས་དང་ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས། ༢༠༡༦།༡༢།༨ བཀྲ་ཤིས་རབ་བརྟན་ལགས་དང་ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས། ༢༠༡༦།༡༢།༨
བོད་འབྱོར།

བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས་རྒྱ་ནག་གི་ཉེན་རྟོག་པས་དོགས་གཞིའི་འོག་ཉུང་མཐར་བོད་མི་དགུ་འཛིན་བཟུང་བྱས་འདུག
དེ་ཡང་འདི་ཟླའི་ཚེས་༨་ཉིན་གྱི་དགོང་དྲོར་མདོ་སྨད་མདོ་ལྷོ་རྨ་ཆུ་རྫོང་ཐོག་ནས་བཀྲ་ཤིས་རབ་བརྟན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་རྗེས། དེ་མ་ཐག་རྒྱ་ནག་གཞུང་གིས་ས་གནས་སུ་དམ་དྲག་ཆེན་པོ་བྱས་ཐོག རྫོང་ཐོག་གི་ཇ་ཁང་དང་ཟ་ཁང་དག་གི་ནང་ནས་ཉུང་མཐར་བོད་མི་དགུ་ཙམ་འཇུ་བཟུང་བྱས་ནས་བཀག་ཉར་དང་འདྲི་རྩད་བྱས་འདུག་ལ། གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཁོང་ཚོ་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་སྐབས་པར་ལེན་མཁན་ཡིན་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་བ་དང་། ཁོང་ཚོའི་ཁྲོད་བོད་མི་གཞོན་སྐྱེས་གསུམ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་བསྡད་ཡོད་པ་པ་ལས་ད་ལྟའི་ཆར་ས་གནས་སུ་རྒྱ་ནག་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མེད་པ་བརྗོད་བྱུང་།
ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། བཀྲ་ཤིས་རབ་བརྟན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྐབས་ཉེ་འགྲམ་ལ་ཡོད་པའི་བུད་མེད་ཚེ་འཛིན་ལྷ་མོ་ཟེར་བ་ཞིག་གིས་གློ་བུར་མཐོང་ཙང་དངངས་སྐྲག་གིས་རྒྱལ་བ་ཡིད་བཞིན་ནོར་བུ་མཁྱེན་ཞེས་གསོལ་འདེབས་བྱེད་བཞིན་པ་བརྙན་པར་ནང་ཡོད་པར་བརྟེན་ཁོང་དང་ཁོང་གི་ནང་མི་ཁག་གཅིག་བཅས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་བཞིན་བན་ཁོ་དང་། བསྟན་པ། རྡོ་རྗེ་བཅས་མི་གསུམ་ཡང་འཇུ་བཟུང་བྱས་ཡོད་པ་རེད་འདུག།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎