བོད་ཀྱི་སྐུ་ཚབ་དོན་གཅོད་རྣམས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས་བཞིན་འདུག

2017-10-11
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་ཀྱི་སྐུ་ཚབ་དོན་གཅོད་རྣམས་ཀྱི་ལོ་འཁོར་ཚོགས་འདུ།་༢༠༡༧།༡༠།༡༡
བོད་ཀྱི་སྐུ་ཚབ་དོན་གཅོད་རྣམས་ཀྱི་ལོ་འཁོར་ཚོགས་འདུ།་༢༠༡༧།༡༠།༡༡
tibet.net

བཞུགས་སྒར་རྡ་རམ་ས་ལར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས་བཞིན་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༡༠ ་ཚེས་ ༩ ་དང་ ༡༠ ་ཉིན་གྲངས་གཉིས་རིང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་འདུ་མཇུག་བསྒྲིལ་བའི་རྗེས། ཕྱི་ཚེས་ ༡༡ དང་ ༡༢ ཉིན་གྲངས་གཉིས་རིང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མིའི་སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུ་བསྐོང་ཚོགས་གནང་བཞིན་ཡོད་པ་རེད།
སྐུ་ཚབ་དོན་གཅོད་ཁག་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་ཞིང་། ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ལྔ་དང་ལྔ་བཅུའི་འཆར་སྣང་ལག་བསྟར་གནང་ཕྱོགས་དང་། ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཀའ་དྲིན་རྗེས་དྲན་གྱི་ལོ་ཞིག་ཏུ་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་སོགས་ངོ་སྤྲོད་གནང་འདུག་པར་བརྟེན། ཐེངས་འདིའི་སྐུ་ཚབ་དོན་གཅོད་རྣམ་པའི་ལྷན་ཚོགས་འདིའི་ཐོག་གནད་དོན་འདི་དག་གི་ཐད་བཀའ་བསྡུར་གནང་རྒྱུ་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་གནང་ཕྱོགས་ཐད་གྲོས་མོལ་གནང་རྒྱུ་ཡིན་འདུག
ཕྱིའི་རྒྱལ་ཁབ་ཁག་བཅུ་གཉིས་ནང་བོད་མིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཡོད་པ་དང་།  དོན་གཅོད་ལས་ཁུངས་དེ་དག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ངོ་བོ་མཚོན་ཞིང་། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི། སུད་སིའི་གྲོང་ཁྱེར་ཇི་ནི་ཝ། ཉེ་ཧོང་གི་རྒྱལ་ས་ཊོཀ་ཡོ། དབྱིན་ཡུལ་རྒྱལ་ས་ལོན་ཌོན། ཨོ་སི་ཏྲོ་ལི་ཡའི་རྒྱལ་ས་ཁན་སྦེ་ར། ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོ། ཐེ་ཝན་གྱི་རྒྱལ་ས་ཏཡེ་པེ། སྦརཱ་ཛིལ་གྱི་རྒྱལ་ས་སའོན་པོ་ལོ། ལྷོ་ཨཕ་རི་ཀའི་རྒྱལ་ས་པེ་ཊོ་རི་ཡ། བེལ་ཇམ་གྱི་རྒྱལ་ས་སྦིར་སལསི་བཅས་ཀྱི་ནང་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།