ཕྲུ་གུའི་ཕ་མ་ཚོར་དཔེ་ཀློག་གི་ཟབ་སྦྱོང་གནང་འདུག


2017.06.14
རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་ཚོར་དམིགས་བསལ་ཟབ་སྦྱོང་སྐབས། ༢༠༡༧།༦།༧ རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་ཚོར་དམིགས་བསལ་ཟབ་སྦྱོང་སྐབས། ༢༠༡༧།༦།༧
tibet.net

ཕ་མ་ཚོས་ཕྲུ་གུ་ཆུང་ངུའི་སྐབས་དཔེ་དེབ་མཉམ་དུ་ཀློག་རྒྱུར་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་ཚོར་དམིགས་བསལ་ཟབ་སྦྱོང་གནང་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གིས་རྒྱ་གར་བྱང་ཤར་ཁུལ་དུ་ཕྲུ་གུ་ཆུང་ངུའི་དུས་སུ་དེབ་ཀློག་གི་གོམས་གཤིས་བཟོ་ཐབས་སུ་ཕ་མའི་ངོས་ནས་ག་རེ་བྱེད་དགོས་མིན་དང་། ཆུང་དུས་དེབ་ཀློག་བྱེད་རྒྱུ་གལ་ཆེ་ཆུང་གང་འདྲ་ཡིན་མིན་སོགས་ཀྱི་ཟབ་སྦྱོང་ཞིག་ཕྱི་ཟླ་༦ཚེས་༢ནས་༩བར་ཉིན་གྲངས་༧རིང་ཚོགས་འདུག
ཟབ་སྦྱོང་དེར་རྒྱ་གར་བྱང་ཤར་ཁུལ་གྱི་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་། དེ་བཞིན་འབུམ་སྡེ་ལ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་བཅས་ནས་ཕ་མ་༢༠༠ཙམ་ཀྱིས་མཉམ་བཞུགས་གནང་འདུག
ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་ཕ་མ་ཚོས་ཕྲུ་གུ་ཆུང་ངུའི་སྐབས་དཔེ་དེབ་མཉམ་དུ་ཀློག་རྒྱུ་དང་། སྒྲུང་བཤད་རྒྱུ། སྙན་རྩོམ་ཀློག་རྒྱུ་སོགས་གལ་ཆེ་ཆུང་གང་འདྲ་ཡིན་མིན་སྐོར་གོ་རྟོགས་སྤེལ་རྒྱུ་དང་། ཕྲུ་གུའི་ལོ་དང་ཁམས་ལ་གཞིགས་པའི་དེབ་དྲག་འདེམ་བྱ་ཕྱོགས་སོགས་དང་། དེ་བཞིན་ཕ་མ་ཚོས་སྐད་ཆེན་པོའི་ངང་ཕྲུ་གུ་དང་མཉམ་དུ་རྒྱུན་དུ་དེབ་ཀློག་རྒྱུ་དང་། སྙན་རྩོམ་ཐུང་ངུ་དེ་འདྲ་གཞས་བཏང་ནས་ཕྲུ་གུར་ཀློག་རྒྱུ་སོགས་གལ་ཆེ་ཆུང་གང་འདྲ་ཡིན་མིན་སྐོར་ཕ་མར་གོ་རྟོགས་སྤེལ་ཆེད་ཡིན་འདུག
ཐེངས་འདིའི་ཟབ་ཁྲིད་པ་ནི་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་ལྷ་མཛེས་ལགས་དང་། སློབ་སྟོན་པ་བསོད་ནམ་གང་བཟང་ལགས་གཉིས་ཡིན་འདུག
ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུར་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་ནི་ཨ་རི་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ཨ་རི་གཞུང་གིས་རོགས་དངུལ་གནང་བ་ཞིག་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎