ཕྱིར་བསྐྱོད་ལག་འཁྱེར་ཐད་དཀའ་ངལ།

2013-02-22
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཕྱིར་བསྐྱོད་ལག་འཁྱེར་ཐད་དཀའ་ངལ།
དེ་སྔ་བོད་རང་བཙན་སྐབས་ཀྱི་བོད་པའི་ལག་འཁྱེར།
བོད་ཀྱི་གྲོགས་པོ་ཚོགས་པ།

༄༅།    །སྔ་ལོའི་དུས་འཁོར་དབང་ཆེན་གྲུབ་རྗེས་བོད་ནས་ཆོས་ཞུར་བཅར་མཁན་བོད་མི་ཡོངས་ལ་རྒྱ་ནག་གཞུང་ནས་སློབ་གསོའི་ལས་འགུལ་སྤེལ་ཡོད་པས་མ་ཟད། དད་ལྡན་མང་ཚོགས་རྣམས་ལ་ལམ་བར་བསྔོགས་བཤེར་དང་། རྡུང་རྡེག བཀག་ཉར་སོགས་ཀྱི་དཀའ་ངལ་མང་པོ་ཞིག་བཟོས་ཡོད་པ་རེད།    ལྷག་པར་ཏང་ཡོན་དང་ལས་བྱེད་པར་ཁྲིམས་ཀྱི་ཐོག་ནས་ཉེས་པ་གཏང་རྒྱུ་གཏན་འབེབས་བྱས་ཏེ།    ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་དེ་རིང་གནས་ཚུལ་སྤེལ་འདུག
གནས་ཚུལ་དེ་དང་དུས་མཚུངས་སུ་བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་ཟེར་བས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཕྱིར་བསྐྱོད་ལག་འཁྱེར་ཞུ་ཕྱོགས་དང་། དེའི་ཐད་ལས་དོན་བྱ་ཕྱོགས་ཀྱི་དམིགས་བསལ་སྲིད་བྱུས་ཟེར་བ་གསར་དུ་གཏན་འབེབས་བྱས་ཏེ།    བོད་མི་ཚོར་གནས་མཇལ་དང་གཉེན་འཕྲད་སོགས་སྤྱིར་བཏང་གི་ཕྱིར་བསྐྱོད་ལག་འཁྱེར་ཐོབ་རྒྱུར་ས་གནས་རིམ་པ་མང་པོ་ཞིག་བརྒྱུད་དགོས་པའི་སྒྲིག་གཞི་གསར་པ་བཟོས་པར་བརྟེན། བོད་མི་ཚོར་སྔ་ལོའི་ལོ་འགོ་ནས་བཟུང་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དོ་དམ་དུ་བཏང་ཡོད་པ་རེད།།