འཁྲུངས་སྐར་ཉིན་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་བའི་ལས་འགུལ།


2016.04.26
རྡ་རམ་སཱ་ལར་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་༢༧ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་སྐབས། ༢༠༡༦།༤།༢༥ རྡ་རམ་སཱ་ལར་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་༢༧ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་སྐབས། ༢༠༡༦།༤།༢༥
འཇིགས་མེད་སྙན་གྲགས། /RFA

ཟླ་འདིའི་ཕྱི་ཚེས་༢༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་ས་གནས་གཞོན་ནུ་ཚོགས་པ་དང་། དྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༧་ལ་སླེབས་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་གནང་འདུག
རྡ་ས་ས་གནས་སུ་བོད་ཀྱི་བུད་མེད་ཚོགས་པ་དང་། གཞོན་ནུ་ཚོགས་པ་གཉིས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོའི་ཆེའི་སྐུ་པར་མདུན་དུ་མར་མེ་མཆོད་འབུལ་དང་། འཁྲུངས་སྐར་གྱི་རྟེན་འབྲེལ་མཚོན་རྟགས་འགྲེམས་འཇོག་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་ལ་ད་ཆ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་། གནས་སྟངས་ག་འདྲ་ཡོད་མེད་ལ་ལན་འདེབས་དགོས་པའི་རེ་སྐུལ་སྙན་ཞུའི་ཐོག་མི་མང་ནང་མཚན་རྟགས་བསྡུ་རུབ་གནང་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་གནང་ཡོད་པ་རེད།   
ཡང་དབུས་བུད་མེད་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། “དེ་རིང་གི་ཉིན་མོར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་གནས་འཁོད་བོད་མི་ཡོངས་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་བཙན་གནོན་འོག་གནས་བཞིན་པའི་བོད་མི་རྣམས་ཀྱིས་༡༩༩༥་ལོ་ནས་བཟུང་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་ཡོད་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་དྲན་གསོ་དང་། ཁོང་གི་སྐུ་ཕྱྭའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་གནང་དགོས་བ་དང་། ཁོང་རང་ཉིད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཕྱིར་ཕེབས་ཀྱིས་ཆོས་ཕྱོགས་ཀྱི་མཛད་འགན་རྣམས་བཞེས་ཆོག་པའི་རེ་བསྐུལ་སླར་ཡང་ཞུ་བཞིན་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།  
དེ་བཞིན་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར། རྣམ་པ་འདྲ་མིན་ཐོག་ པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༧་ལ་སླེབས་པའི་འཁྲུངས་སྐར་ཆེད་ལས་འགུལ་སྤེལ་གནང་འདུག།

གསར་འགོད་པ་དབྱངས་སྒྲོལ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༧་ལ་སླེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟནའཛིན་བདེ་སྐྱིད་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎