རྔ་བར་རང་ལུས་མེ་བསྲེཊ་གནང་མཁན་གསུམ་གྱི་འདྲ་པར།

བོད་ཨ་མདོ་རྔ་བར་ཉེ་བའི་ཆར་ཚེས་༧ཉིན་གཅིག་པོར་བོད་མི་གསུམ་གྱིས་རང་ལུས་མེ་བསྲེགས་བྱེད་མཁན་རྡོ་རྗེ་དང་། བསམ་འགྲུབ། རྡོ་རྗེ་སྐྱབས་གསུམ་གྱི་འདྲ་པར་ཕྱི་འབྱོར་བྱུང་འདུག
2012-11-28
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གནས་ཚུལ་བཏང་དོན། ཉེ་བའི་ཟླ་༡༡ ཚེས་༧ ཉིན་བོད་ཨ་མདོ་རྔ་པའི་རྔ་སྟོད་སྒོ་མང་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རྡོ་རྗེ་དང་། བསམ་འགྲུབ། རྡོ་རྗེ་སྐྱབས་གསུམ་གྱི་རང་ལུས་མེར་སྲེག་བཏང་ཞིང་། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལགས་སྐབས་ཐོག་དེར་འདས་གྲོངས་སུ་གྱུར་ཡོད་ཅིང་། གཞན་གཉིས་ཀྱི་གནས་ཚུལ་ད་དུང་གསལ་ཁ་གང་མེད་པར་ལྷག་ཡོད་པ་འཁོད་འདུག

རྡོ་རྗེ་ལགས།
རྡོ་རྗེ་ལགས།

རྡོ་རྗེ་སྐྱབས་ལགས།
རྡོ་རྗེ་སྐྱབས་ལགས།

བསམ་འགྲུབ་ལགས།
བསམ་འགྲུབ་ལགས།

ཡང་ཁ་གནོན་གྱི་གནས་ཚུལ་ནང་། ཟླ་༡༡ ཚེས་༢༨ ཉིན་བོད་ནས་རྒྱལ་གཅེས་དཔའ་བོ་རྐྱང་ཚ་སྐལ་བཟང་སྐྱབས་ཀྱི་གནས་ཚུལ་ལ་ཁ་སྣོན་འབྱོར་བར། མདང་དགོང་བོད་ནང་གི་མཚན་མོའི་དུས་ཚོད་༡༠ ཙམ་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་༤༠ ལྷག་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ཀྱི་ནང་དུ་ཕེབས་ནས་བསྔོ་བ་སྨོན་ལམ་འདོན་པ་སོགས་གནང་ཞིང་། དེ་རིང་སྟེ་ཕྱི་ཚེས་༢༨ ཉིན་སྒོས་གཤོག་ཀའི་མི་མང་གཙོ་བོར་གྱུར་པའི་ཐག་ཉེ་རིང་གི་བོད་མི་སྟོང་ཕྲག་ལྷག་གིས་ཁོང་གི་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་། བསྔོ་བ་སྨོན་ལམ་གནང་བ་སོགས་ཀྱི་ཆེད་དུ་མི་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་དང་འབྱུང་བཞིན་ཡོད་འདུག

སྐལ་བཟང་སྐྱབས
སྐལ་བཟང་སྐྱབས

གཞན་ཡང་དེ་རིང་ཞོགས་པ་ནས་རྐྱང་ཚ་ཡུལ་ཚོའི་ཐོག་ཏུ་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་སོགས་༢༠༠ ལྷག་དང་དེ་བཞིན་སྒོས་གཤོག་ཀའི་རྒྱབ་ཀྱི་རི་མགོ་ན་དྲག་ཆས་ཉེན་རྟོག་པ་རླངས་འཁོར་ཆེ་བ་གཅིག་དང་ཉེ་འཁོར་གྱི་འབྲིང་བ་ཡུལ་ཚོ་ནང་དུའང་དྲག་ཆས་ཉེན་རྟོག་པ་རླངས་འཁོར་ཆེ་བ་གཉིས་བཅས་སླེབས་ནས་དམ་དྲག་བྱེད་བཞིན་ཡོད་འདུག་ལ། ས་ཁུལ་དེའི་ཕྱོགས་སུ་དྲ་རྒྱའི་རྒྱུད་ལམ་བཀག་སྡོམ་བྱས་ཡོད་འདུག

དེ་མིན་རྒྱལ་གཅེས་དཔའ་བོ་རྐྱང་ཚ་སྐལ་བཟང་སྐྱབས་ཀྱི་ཞལ་ཆེམས་ཤིག་རྙེད་སོན་བྱུང་བ་ནི།

༼འཇིག་རྟེན་ཁམས་ཀྱི་དྲིན་ཆེ་བའི་དྲིན་ཅན་གྱི་ཕ་མ་གཉིས་ཀ་གཙོ་བྱས་པའི་སྤུན་དང་སྲིང་མོ་ཚང་མ་བདེ་མོ་གྱིས། ང་རང་ག་བོད་ཁ་བའི་སྐྱིད་སྡུག་གི་ཆེད་དུ་རང་སྲོག་མེ་ལ་སྒྲོན་རྒྱུ་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཞབས་པད་བརྟན་དགོས། བོད་ཁ་བར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་རྒྱུ་ངའི་རེ་བ་ཡིན།༽ཞེས་བྲིས་ཡོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།