གངས་རིན་པོ་ཆེར་བསྐོར་མཁན་རྒྱ་གར་གནས་སྐོར་བ་འདས་གྲོངས།


2015.06.29
གངས་རིན་པོ་ཆེར་གངས་སྐོར་ལ་བསྐྱོད་བཞིན་པ། གངས་རིན་པོ་ཆེར་གངས་སྐོར་ལ་བསྐྱོད་བཞིན་པ།
པར་ཚགས།

ས་མཚམས་རྣ་ཐོ་ལ་སྒོ་ཕྱེ་བ་དང་རྒྱ་གར་གྱི་གནས་སྐོར་བ་བོད་ཀྱི་གངས་རིན་པོ་ཆེར་སྐོར་མཁན་ཇེ་མང་ཡིན་པ་དང་གཅིག་གྲོངས་འདུག
དེ་ཡང་ཟླ་འདིའི་ཚེས་༢༢ཉིན་ནས་བཟུང་རྒྱ་གར་གྱི་གནས་མཇལ་བ་ཚོར། བོད་དང་དང་འབྲས་ལྗོངས་ས་མཚམས་རྣ་ཐོ་ལའི་འགག་སྒོ་ཕྱེས་ཡོད་པ་དང་། རྒྱ་གར་བའི་གནས་བསྐོར་བ་མང་པོ་ཞིག་བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ་བར་གནས་བསྐོར་དུ་བསྐྱོད་མཁན་ཇེ་མང་ལ་སོང་ཡོད་པ་རེད། འོན་ཀྱང་ད་རེས་གཟའ་ཉི་མའི་ཉིན་རྒྱ་གར་ནས་གངས་རིན་པོ་ཆེ་བར་གནས་བསྐོར་དུ་བསྐྱོད་མཁན་རུ་ཁག་ཅིག་སྤྱི་ཟླ་༦་ཚེས་༡༡་ཉིན་ཐོན་ནས་བོད་ཕྱོགས་སུ་གངས་རིན་པོ་ཆེ་བར་གནས་བསྐོར་དུ་བསྐྱོད་པའི་སྐབས་དགུང་གྲངས་༥༤་སླེབས་པའི་རྒྱ་གར་བའི་བེུདBeena Guptaཞུ་བ་ཁོང་ནི་Kumaun Mandal Vikas Nigam
ཞེས་པའི་རྒྱ་གར་གྱི་གནས་སྐོར་དུ་བསྐྱོད་མཁན་གྱི་ལས་ཁང་ཞིག་ཡོད་པ་དེའི་དྲུང་ཆེ་ཡིན་པ་དང་། ཁོང་ད་རེས་སྟབས་མ་ལེགས་པར་བོད་ནང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད་པ་རེད། ཁོང་འདས་གྲོངས་སུ་གྱུར་བའི་ཞིབ་ཕྲའི་གནས་ཚུལ་ད་ལྟ་གོ་ཐོས་མེད་ཀྱང་ཁོང་མོ་གནས་བསྐོར་བའི་རུ་ཁག་དེའི་ནང་གངས་རིན་པོ་ཆེའི་བར་བསྐྱོད་ལམ་དུ་གཟུགས་གཞི་མི་བདེ་བའི་ཁམས་ཀྱིས་ལྟོ་ཆས་ཉིན་གཉིས་ཙམ་ཟ་མ་ཐུབ་པ་སོགས་ཀྱི་རྐྱེན་པས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དང་། ད་ཆ་འདས་པོ་དེའི་ཕུང་པོ་རྒྱ་གར་དུ་ཚུར་འབྱོར་ཡོད་པ་སོགས་ཀྱི་
གནས་ཚུལ་ཞིག་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ནས་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།
རྣ་ཐོ་ལ་ཞེས་པ་ནི་རྒྱ་ནག་གིས་བཅད་བསྒོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་གྲོ་མོ་རྫོང་དང་། རྒྱ་གར་འབྲས་ལྗོངས་རྒྱལ་ས་སྒང་ཐོག་གཉིས་ཀྱི་ས་མཚམས་སུ་འཁེལ་ཡོད་ཅིང་། རྣ་སྟོད་ལ་ནས་འབྲས་ལྗོངས་སྒང་ཐོག་བར་སྤྱི་ལེ་༢༤དང་། མཚོ་ངོས་ལས་མཐོ་ཚད་རྨི་ ༤༧༣༣ ཡོད་པ་རེད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎