བསྟན་འཛིན་ཀུན་མཁྱེན་ལ་མེ་མདའ་རྒྱག་མཁན་འཛིན་བཟུང་བྱས་འདུག

2017-09-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དོགས་ཡོད་ཉེན་ཅན་དང་གྲོངས་ཟིན་པ་བསྟན་འཛིན་ཀུན་མཁྱེན།
དོགས་ཡོད་ཉེན་ཅན་དང་གྲོངས་ཟིན་པ་བསྟན་འཛིན་ཀུན་མཁྱེན།
NBC

ཨ་མི་རི་ཀའི་མེ་ས་ཆུའུ་སི་(massachusetts) མངའ་སྡེའི་ནང་བོད་རིགས་ན་གཞོན་ལོ་ན་༡༦་ཡིན་པ་བསྟན་འཛིན་ཀུན་མཁྱེན་ལགས་ལ་མེ་མདའ་རྒྱག་མཁན་ལོ་ན་༡༧་ཡིན་པའི་་(Jonathan. Perry) ཟེར་བ་དེ། ཕྱི་ཟླ་དགུ་པའི་ཚེས་༥་ཉིན་ཨ་རིའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་འབྲེལ་ཡོད་(Middlesex)་ས་གནས་རྗོང་གི་ཁྲིམས་རྩོད་ངོ་ཚབ་ལྕམ་(Meghan Kelly)་ལ་འདྲི་རྩད་བྱས་སྐབས། ཁོང་མོས་འདས་གྲོངས་སུ་ཕྱིན་པའི་བསྟན་འཛིན་ཀུན་མཁྱེན་ལགས་དང་། མེ་མདའ་རྒྱག་མཁན་(Jonathan Perry)་གཉིས་ཕན་ཚུན་ངོ་ཤེས་ཀྱི་འབྲེལ་བ་ཡོད་པ་ནའང་རྐང་བཙུགས་ནས་མེ་མདའ་རྒྱབ་པར་ངོས་འཛིན་བྱས་མེད། མེ་མདའ་རྒྱབ་པའི་དོན་རྐྱེན་སྐོར་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་བཞིན་ས་གནས་ཀྱི་གསར་ཤོག་ Boston Globe་ཀྱི་གསར་འགོད་པས་བསྟན་འཛིན་ཀུན་མཁྱེན་གྱི་སློབ་གྲོགས་ཁ་ཤས་ལ་བཅར་འདྲི་ཞུས་སྐབས། སློབ་གྲོགས་(DaSilva)་ཟེར་མཁན་ཞིག་གིས་བསྟན་འཛིན་ལགས་ནི་མི་རྒན་ནང་བཞིན་གཞན་ལ་བསླབ་བྱ་ལམ་སྟོན་བྱེད་ཐུབ་མཁན་ཞིག་ཡིན་ཞེས་དང་། ཡང་ཁོང་སློབ་གྲོགས་གཞན་ཞིག་གིས་རྐྱེན་ལམ་དུ་ཕྱིན་པའི་བསྟན་འཛིན་ལགས་ནི། དྲང་བདེན་དང་བཟང་ཕྱོགས་ཀྱི་བསམ་བློ་ཁྱེར་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
ས་གནས་བོད་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས། རྐྱེན་ལམ་དུ་ཕྱིན་པའི་བུ་བསྟན་འཛིན་ལགས་ཀྱི་ཕ་མ་གཉིས་ལོ་ངོ་ཁ་ཤས་གོང་རྒྱ་གར་ནས་ཨ་མི་རི་ཀའི་ནང་གཞིས་སྤོར་བྱས་ཡོད་པ་དང་། དོན་རྐྱེན་དེས་ནང་མི་རྣམས་ལ་སྡུག་བསྔལ་དྲག་པོ་བཟོས་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།